ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་ཧུང་ཡོན་རྫོང་གིས་ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ས་ཁུལ་དུ་སྔོན་ལ་སྲིད་ཇུས་རང་བཞིན་གྱི་འབྲི་གཡག་གསོ་ཚགས་འགན་བཅོལ་ལས་དོན་སྤེལ་ཞིང་། ལོ་རེར་གཅིག་གྱུར་གྱིས་འགན་བཅོལ་ནང་ཞུགས་མཁན་གྱི་འབྲི་གཡག་རེར་སྒོར130ཡིན་པ་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་བཅས་རིམ་པ་བཞི་བའི་ནོར་སྲིད་ཁ་གསབ་བྱིན་ནས་འབྲོག་པ་མང་ཚོགས་ལ་མཉམ་དུ་འགན་འཁུར་བའི་འགན་བཅོལ་གྱི་བསྡུར་ཚད་བཟུང་ཚད་སོ་སོར40%དང་། 33% 4% ། 3%། 20%བཅས་ཡིན།
རྫོང་འདིས་ཀྲུང་གོ་མཁའ་འགྲུལ་ཨན་མིན་རྒྱུ་ནོར་འགན་བཅོལ་ཚད་ཡོད་ཀུང་སི་ཧུང་ཡོན་དུ་གདན་དྲངས་ནས་བཅའ་སྡོད་བྱེད་དུ་བཅུག་ཅིང་། བར་ཁྱད་ཅན་གྱི་བྱེད་ཐབས་སྤྱད་དེ་སྐྱིན་ཚབ་འཇལ་བ་དང་། ལོ1ནས3བར་དང་། ལོ3ནས4བར། ལོ4ཡན་གྱི་ནོར་གནག་ཤི་བའི་མགོ་གྲངས་ལྟར་རེ་རེར་སྒོར1300དང་སྒོར1500སྒོར2000བཅས་ཀྱི་ཚད་གཞི་ལྟར་སྐྱིན་ཚབ་བྱིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་ཇུས་རང་བཞིན་གྱི་འབྲི་གཡག་གསོ་ཚགས་འགན་བཅོལ་ལག་བསྟར་བྱས་པ་ནས་བཟུང་། ཁྱོན་རྫོང་ཡོངས་ཀྱི་འབྲོག་དུད4552ལ་ཕན་འབྲས་བཟང་པོ་ཐོབ་པ་དང་འགན་བཅོལ་ནང་ཞུགས་མཁན་གྱི་འབྲི་གཡག་གི་མགོ་གྲངས་ཁྲི274ལ་སླེབས་པས། བསྡོམས་རྩིས་བྱས་ན་སྒོར་ཁྲི27002བཏང་ཡོད་ཅིང་། དུད་ཚང་རེར་ཆ་སྙོམས་སྐྱིན་ཚབ་སྒོར་ཁྲི1ལྷག་ཙམ་ཐོབ་ནས་འབྲོག་དམངས་དབུལ་པོར་གྱུར་པ་དང་བསྐྱར་དུ་དབུལ་པོར་འགྱུར་བའི་ཉེན་ཁ་ཆུང་དུ་བཏང་ཡོད་པ་མ་ཟད། ནུས་པ་ལྡན་པའི་སྒོ་ནས་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་བཏང་ཡོད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ཧུང་ཡོན་རྫོང་གི་སྲིད་ཇུས་རང་བཞིན་གྱི་འབྲི་གཡག་གསོ་ཚགས་འགན་བཅོལ་གྱིས་འབྲོག་པ་མང་ཚོགས་ལ་ཕན་འབྲས་བཟང་པོ་བསྐྲུན།