ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས་2ཉིན། གསར་འགོད་པས་དཀར་མཛེས་ཁུལ་མི་རིགས་གླུ་གར་ཚོགས་པ་ནས་ཤེས་རྟོགས་བྱུང་བ་ལྟར་ན། རང་ཁུལ་གྱི་ཡེ་སྐལ་དང་། ཉི་བཀྲ། བདེ་ཤིས་དཔལ་སྒྲོན་བཅས་ཀྱིས་འཁྲབ་ཁྲིད་བྱས་པའི《རྟ་རྒྱུག》འཁྲབ་སྟོན་བྱས་པ་དང་། སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི2020ལོའི་ལོ་འཁོར་གྱི“ཕུལ་བྱུང་ལས་གཞི”བརྒྱའི་ཁྲོད་བདམས།
甘孜州民族歌舞团作品《赛马》入选省文联百家“推优工程”
中国藏族网通讯 12月2日,记者从甘孜州民族歌舞团获悉,由我州益呷、尼扎、德西白珍编导的群舞《赛马》,成功入选四川省文联2020年度百家“推优工程”。
ཚོགས་པའི་ཞབས་བྲོ《རྟ་རྒྱུག》ཅེས་པའི་བརྗོད་བྱ་ནི་བོད་རིགས་ཀྱི་ལོ་རྒྱུས་མཚོན་པའི་སྙན་ངག་《གླིང་སྒྲུང》ཁྲོད་ཀྱི་རྟ་རྒྱུག་རྒྱལ་སར་འགོད་པའི་གཏམ་རྒྱུད་ལས་བྱུང་བ་ཞིག་ཡིན་ལ། དམིགས་བསལ་གྱི་མཚོན་སྟངས་ལ་བརྟེན་ནས། བརྩམས་ཆོས་དེར་སྐར་མ་བདུན་གྱི་ཞབས་བྲོའི་ཐོག་ནས“གླིང་རྗེ་གེ་སར་རྒྱལ་པོ”ཆུང་དུས་ཨ་མ་དང་མཉམ་དུ་འབྲོག་ཁུལ་དུ་འཚར་ལོངས་བྱུང་བ་དང་། རྗེས་སུ་གླིང་གི་རྟ་རྒྱུག་འགྲན་སྡུར་བྱས་པ་བརྒྱུད་སྐད་གྲགས་ཆོད་པས། “གླིང་”གི་ཁྲི་ལ་བདེ་བར་འགྱིངས་བའི་གཏམ་རྒྱུད་ཅིག་ཡིན། བརྩམས་ཆོས་ཀྱིས་ངེད་ཁུལ་ཁོ་ནར་ཡོད་པའི་རྡོག་བྲོ་སྤྱད་ཡོད་ལ། ངོ་མཚར་ཆེ་བའི་རྟ་རྒྱུག་འགྲན་སྡུར་གྱི་རྣམ་པ་སླར་ཡང་མངོན་ནས་དཀར་མཛེས་ས་ཁུལ་གྱི་མཛེས་སྡུག་ཞབས་བྲོའི་ཉམས་འགྱུར་དང་ཡིད་དབང་འཕྲོག་ཤུགས་གང་ལེགས་ཀྱིས་མངོན་ཡོད། ད་ལོའི་ཟླ10པའི་ཟླ་མཇུག་ཏུ་ 《རྟ་རྒྱུག》སི་ཁྲོན་ཞིང་ཆེན་གྱི་གཞོན་ནུའི་ཞབས་བྲོ་འགྲེམས་སྟོན་སྐབས་བཞི་པའི་ནང་ཞུགས་པར་“བརྩམས་ཆོས་ཡག་ཤོས་ཀྱི་བྱ་དགའ”ཐོབ་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི2020ལོའི་ལོ་འཁོར་གྱི“ཕུལ་བྱུང་ལས་གཞི”བརྒྱ། ཟླ10པའི་ཚེས14ཉིན་དངོས་སུ་སྤེལ་འགོ་བརྩམས་པ་དང་། དེའི་དམིགས་ཡུལ་ནི2020ལོའི་ལོ་འཁོར་གྱི་རང་ཞིང་གི་རིག་རྩལ་ལས་རིགས་ཀྱིས“བྱེད་སྒོའི་འཆར་གཞི་ཆེན་པོ་དྲུག”ལག་ལེན་དུ་བསྟར་བར་ཕྱོགས་སྡོམ་དང་འགྲེམས་སྟོན་བྱ་རྒྱུ་དེ་རེད། རིག་རྩལ་གསར་རྩོམ་འཕེལ་རྒྱས་ཕུན་སུམ་ཇེ་ཚོགས་སུ་ཡོང་བ་དང་རིག་རྩལ་གསར་གཏོད་ལ་སྐུལ་འདེད། ཕུལ་བྱུང་རིག་རྩལ་བརྩམས་ཆོས་དང་ཤེས་ལྡན་མི་སྣ་སྐུལ་འདེད། རིག་རྩལ་ཁྲོན་དམག་གི་དཔུང་ཁག་སྟོབས་ཆེར་གཏོང་བ། རིག་རྩལ་གསར་རྩོམ་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རིག་གནས་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་རིག་རྩལ་གྱི་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས། ཡིག་ཐོག་སྙན་ཞུ་དང་། ཐོག་མའི་ཞིབ་བཤེར། བསྐྱར་ཞིབ། མཐའ་མའི་འདྲི་གཅོད། ཡོངས་བསྒྲགས། ཁྱབ་བསྒྲགས་བཅས་གོ་རིམ6ལྟར། ཡོངས་བསྒྲགས་དང་། འདྲ་མཉམ། དྲང་བདེན་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ནན་མོ་བྱས་ནས། “ཕུལ་བྱུང་བརྩམས་ཆོས་དང་ཕུལ་བྱུང་ཤེས་ལྡན་མི་སྣ་ཁྱབ་གདལ་གཏོང་བའི་”ཚད་གཞི་ལག་བསྟར་བྱས་ཤིང་། འཁྲབ་སྟོན་ཁྲོད་ཆ་རྐྱེན་དང་མཐུན་པའི་རེ་ཞུའི་བརྩམས་ཆོས552ཁྲོད་ནས། ཕུལ་བྱུང་བརྩམས་ཆོས100བདམས་པ་རེད། །
群舞《赛马》题材取自藏族史诗《岭·格萨尔王传》中赛马登位的故事,通过特殊的表现形式,作品用七分钟的舞蹈描绘了“格萨尔王”小时候和母亲在牧区成长,后来通过“岭国”赛马比赛一举成名,成功登上“岭国”宝座的故事。作品运用我州独有的踢踏元素,精彩再现赛马情节,充分展现圣洁甘孜的舞蹈风格和魅力。今年十月末,《赛马》还参加了第四届四川省青年舞蹈展演,并荣获“最佳作品奖”。
据了解,四川省文联2020年度百家“推优工程”于10月14日正式启动,旨在总结和展示2020年度我省文艺界实施“六大行动计划”,繁荣文艺创作、推动文艺创新,推出优秀文艺作品和人才,壮大文艺川军队伍,增强文艺创作实力,深入推进文化强省建设取得的文艺新成果。按照申报、初审、复审、终审、公示、发布6个程序,严格遵守公开、公平、公正原则,执行“推出优秀作品、推出优秀人才”的双推标准,活动从552件符合条件的申报作品中,推选出100件优秀作品。
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
དཀར་མཛེས་ཁུལ་མི་རིགས་གླུ་གར་ཚོགས་པའི་བརྩམས་ཆོས《རྟ་རྒྱུག》ཞེས་པ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི“ཕུལ་བྱུང་ལས་གཞིར”བརྒྱའི་ཁྲོད་བདམས།