ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་དར་རྩེ་མདོ་གྲོང་ཁྱེར་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་པ། སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བརྒྱུད་མང་ཚོགས་ཀྱི་ལས་སྒོ་གསར་གཏོད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བར་རམ་འདེགས་བྱས།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་འདིས་དར་རྩེ་མདོ་གྲོང་ཁྱེར་དུ་ཕ་ཡུལ་དུ་ལོག་ནས་གྲོང་གསེབ་ཏུ་ལས་སྒོ་གསར་གཏོད་བྱེད་པའི་ལས་དོན་འགོ་ཁྲིད་ཚན་ཆུང་བཙུགས་ནས། ཁུལ་ཡོངས་སུ“ཞིང་པ་ལས་བཟོ་བའི་ཞབས་ཞུའི་ལྟེ་གནས”ཐོག་མར་བཙུགས་ཤིང་། དུས་མཚུངས་སུ་ཤང་(གྲོང་རྡལ་དང་སྲང་ལམ་)ཁག་ཏུ་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་ལྟེ་གནས་བཙུགས་ཏེ། 《དར་རྩེ་མདོ་གྲོང་ཁྱེར་གྱིས་ཞིང་པ་ལས་བཟོ་བའི་ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་དོན་ཚན་ཉེར་གཉིས་》གཏན་འབེབས་བྱས། མིག་སྔར་གྲོང་ཁྱེར་ཡོངས་སུ་ཕ་ཡུལ་དུ་ལོག་ནས་ལས་སྒོ་གསར་གཏོད་བྱེད་པའི་མི་སྣ683ཡོད་པ་དང་། ཁྲོམ་ར་གཉེར་སྐྱོང་གཙོ་གཟུགས725གཉེར་ནས་མི3000ལྷག་ཙམ་ས་གནས་དེ་ག་དང་ཐག་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས།
དུས་མཚུངས་སུ་དྲིལ་བསྒྲགས་དཔྱད་གཞི་སྣ་ཚོགས་ཁྲི4ལྷག་ཙམ་བཀྲམ་པ་དང་། ལས་ཞུགས་ལས་སྒོ་གསར་གཏོད་ཀྱི་གསོ་སྦྱོང་ཐེངས217གཉེར་ཡོད། ཁྱོན་མི་སྣ15000ལྷག་ཙམ་གསོ་སྦྱོང་ནང་ཞུགས་པ་དང་། མི4127ལས་སྒོ་གསར་གཏོད་ཀྱི་ལས་སུ་ཞུགས་ཐུབ་པ་བྱུང་། “ལས་སྒོ་གསར་གཏོད་ཀྱི་འགྲན་བསྡུར་ཆེན་མོ་”དང་“བཟོ་བོའི་བུམ་པའི་ནུས་རྩལ་འགྲན་བསྡུར་ཆེན་མོ་”ཐེངས4བདེ་བླག་ངང་གཉེར།
གྲོང་ཁྱེར་འདིས་ལས་སྒོ་གསར་གཏོད་གསོ་སྐྱོང་གླིང་བཙུགས་པ་དང་ཁྱོན་རྣམ་གྲངས25གཞི་ཆགས་བྱས་ཡོད་ལ། ཁུལ་རིམ་པའི་“ལས་ཞུགས་དབུལ་སྐྱོར་རྟེན་གཞི་”5བདེ་བླག་ངང་རེ་ཞུ་བྱས་པ་དང་། གྲོང་ཁྱེར་རིམ་པའི“ལས་ཞུགས་དབུལ་སྐྱོར་དཔེ་སྟོན་རྟེན་གཞི་(འཁོར་ཁང)”དང“སློབ་ཆེན་སློབ་མའི་ལས་སྒོ་གསར་གཏོད་དཔེ་སྟོན་རྟེན་གཞི”10བཅས་ལ་ལས་སྒོ་གསར་གཏོད་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི་100ལྷག་ཙམ་སྤྲད། མིག་སྔར་ལས་སྒོ་གསར་གཏོད་དངུལ་བུན་སྒོར་ཁྲི5000ལྷག་ཙམ་བཏང་ཡོད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
དར་རྩེ་མདོ་གྲོང་ཁྱེར་གྱིས་ལས་སྒོ་གསར་གཏོད་ལ་རོགས་སྐྱོར་བྱས་ནས་ལས་ཞུགས་ལ་སྐུལ་འདེད་བཏང་།