རྔ་བ་ཁུལ་གྱིས་ན་གཞོན་ལས་དོན་མཉམ་འབྲེལ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཚོགས།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས24ཉིན། རང་ཁུལ་གྱིས་གཞོན་ནུའི་ལས་དོན་མཉམ་འབྲེལ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ལི་ཡན་ཚོགས་འདུར་ཕེབས་པ་དང་གསུང་བཤད་གནང་ལ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡི་དམ་འཚོས་ཚོགས་འདུའི་གཙོ་འགན་བཞེས།

ཚོགས་འདུ་ལས། 《སི་ཁྲོན་ཞིང་ཆེན་གྱི་དུས་ཡུན་རིང་འབྲིང་གི་གཞོན་ནུའི་འཕེལ་རྒྱས་འཆར་འགོད(2017ལོ་ནས་2025ལོ་བར)》ལག་བསྟར་ལས་དོན་མཉམ་འབྲེལ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ལས་དོན་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་ལ། རྔ་བ་ཁུལ་གྱིས《སི་ཁྲོན་ཞིང་ཆེན་གྱི་དུས་ཡུན་རིང་འབྲིང་གི་གཞོན་ནུའི་འཕེལ་རྒྱས་འཆར་འགོད(2017ལོ་ནས་2025ལོ་བར)2020ལོའི་ལས་དོན་གཙོ་གནད》ལག་བསྟར་དོན་འཁྱོལ་བྱ་རྒྱུར་གྲོས་ཞིབ་བྱས། ཁུལ་སློབ་གསོ་ཅུས་དང་། ཁུལ་འཕེལ་སྒྱུར་ཨུ། འབར་ཁམས་གྲོང་ཁྱེར་དང་ལིས་རྫོང་བཅས་ཀྱིས་འབྲེལ་ཡོད་ལས་དོན་ཐད་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།