རྔ་བ་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་གཅིག་འབར་མྱུར་བགྲོད་གཞུང་ལམ་གྱི་ཨར་ལས་ལ་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྔ་བ་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ། རྔ་བ་རྫོང་ཁོངས་ཀྱི་གཅིག་འབར་མྱུར་བགྲོད་གཞུང་ལམ་རྔ་བ་རྫོང་མཚམས་ཀྱི་ཨར་ལས་རྣམ་གྲངས་པུའུ་ཡི་ནང་ལས་ཡིག་ཚགས་དང་། ཨར་ལས་བྱ་ཡུལ་ལ་ཞིབ་བཤེར་བྱས་ནས་ཚད་ལྡན་ཅན་གྱི་ཨར་ལས་དང་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་ལ་འགན་ལེན་བྱས།

མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས་ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས་ཡུལ་དངོས་སུ་དག་ཐེར་བྱེད་དགོས་པའི་བརྡ་ཐོ་བཏང་དེ། འགན་འཁུར་བ་དག་གིས་གནད་དོན་དག་ཐེར་བྱེད་པར་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན། ཕྱི་ཚུལ་ནས་དག་ཐེར་ཡོ་བསྲང་དང་དག་ཐེར་ཡོ་བསྲང་རྫུན་མ། དག་ཐེར་ཡོ་བསྲང་ཁྲལ་སེལ་བཅས་བྱེད་པའི་རིགས་གཏན་འགོག་བྱས། རྗེས་ཕྱོགས་སུ་རྔ་བ་རྫོང་གིས་གཅིག་འབར་མྱུར་བགྲོད་གཞུང་ལམ་རྔ་བ་རྫོང་མཚམས་ཀྱི་ཨར་ལས་ཁག་ལ་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་མ་ཟད། ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་དག་ཐེར་ཡོ་བསྲང་ཡང་བྱས་ནས། ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་བདེ་འཇགས་འགན་ལེན་བྱ་རྒྱུ་རེད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།