ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས20ཉིན་རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་དུ་ཚོགས་ཤིང་། སི་ཁྲོན་གྱི་སྔོན་ཐོན་ཁག་ཅིག་ལ་ཀྲུང་དབྱང་གི་གཟེངས་བསྟོད་ཐོབ། ཀྲུང་དབྱང་གི་བསམ་པའི་དཔལ་ཡོན་ཨུ་ཡོན་ལྷན་ཁང་གིས་སྐབས་དྲུག་པའི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་དང་། དཔལ་ཡོན་གྲོང་རྡལ། དཔལ་ཡོན་ལས་ཁུངས་དང་། སྐབས་གཉིས་པའི་རྒྱལ་ཡོངས་དཔལ་ཡོན་ཁྱིམ་ཚང་དང་། དཔལ་ཡོན་སློབ་གླིང་དང་དེ་མིན་སྐབས་གསར་བའི་རྒྱལ་ཡོངས་ཀྱི་ལོ་ན་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་བྱ་བའི་ལས་དོན་ཐད་ཀྱི་སྔོན་ཐོན་མི་སྣར་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་ཡོངས་བསྒྲགས་བྱས་ཤིང་། དེའི་ཁྲོད་དུ་སི་ཁྲོན་དུ་གྲོང་ཁྱེར8དང་། གྲོང་རྡལ103། ལས་ཁུངས84། ཁྱིམ་ཚང23། སློབ་གྲྭ27བཅས་ཡོད། དེ་མིན་ཏའེ་དབྱང་གྲོང་ཁྱེར་དང་། ལས་ཁུངས8དང་། མི་སྒེར8ལ་གཟེངས་བསྟོད་ཐོབ། དེའི་ནང་རྔ་བ་ཁུལ་གྱི་གྲོང་རྡལ5དང་། ལས་ཁུངས3། ཁྱིམ་ཚང1། མི་སྒེར1བཅས་ལ་གཟེངས་བསྟོད་ཐོབ་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
རྔ་བ་ཁུལ་གྱི་སྔོན་ཐོན་པ་དག་ལ་ཀྲུང་དབྱང་གི་གཟེངས་བསྟོད་ཐོབ་པ།