མཛོད་དགེར་ཁངས་ཆེན་བབས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལ་རམ་འདེགས་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཐོ་སྒང་གི་བཅད་འགྱུར་དང་ས་ངོས་ཀྱི་གྲང་རླུང་གཉིས་ཀའི་ཤུགས་རྐྱེན་འོག་ཟླ11པའི་ཚེས21ཉིན་གྱི་དུས་ཚོད8ནས་ཚེས22ཉིན་གྱི་དུས་ཚོད8བར། མཛོད་དགེར་ཡོངས་ཁྱབ་ནས་ཁངས་ཆེན་བབས་པས། ཚེས20ཉིན་ཡས་མས་ཀྱི་སྐམ་ཤས་ཆེ་བའི་གནམ་གཤིས་མཇུག་བསྒྲིལ། ད་ཐེངས་ནགས་ཚལ་དང་རྩྭ་ཐང་དུ་ཁ་བ་མཐུག་པོ་བབས་པས། མཛོད་དགེ་རྫོང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་ཉེན་རིམ་པ་ནུས་ལྡན་སྒོས་ཇེ་ཆུང་དུ་བཏང་སྟེ།མེ་འགོག་ལས་ཀར་རམ་འདེགས་གང་ལེགས་གནང་།

གསར་འགོད་པས་མཐོང་བ་ལྟར་ན། མཛོད་དགེ་རྫོང་མཁར་ཁུལ་དུ་ཁ་བས་དངུལ་དཀར་གྱི་འཇིག་རྟེན་གསར་དུ་བཞེངས་ཤིང་། མི་རྣམས་ཀྱིས་ལྭ་བའང་ཇེ་མཐུག་ཏུ་བཏང་ཡོད། སྲང་ལམ་ཁག་ཏུ་ལམ་ངོས་ཀྱི་ཁངས་ཕྱགས་ལ་བྲེལ་བའི་ཡོ་ལང་རབ་ཏུ་རྒྱས་ལ། འགྲོ་འོང་གི་རླངས་འཁོར་དང་མི་རྣམས་ཀྱི་མྱུར་ཚད་རྒྱུན་ལྡན་ལས་ཇེ་དལ་དུ་གྱུར་ཡོད།

གནམ་གཤིས་བརྟག་དཔྱད་སྡེ་ཁག་གི་སྔོན་བརྡ་ལྟར་ན། ཐེངས་འདིར་རིམ་བསགས་ཀྱིས་ཁ་བ་བབས་ཚད་ཧའོ་སྨི4.3ལ་ཐོན་ཏེ། ཁ་བའི་མཐུག་ཚད་ལི་སྨི2ལ་ཐོན། ཁངས་འབབ་ཀྱི་བརྒྱུད་རིམ་ནི་དོ་དགོང་མཇུག་སྒྲིལ་རྒྱུ་རེད། ཟླ10བའི་ཚེས27ཉིན་ནས་ཟླ11པའི་ཚེས20ཉིན་བར། མཛོད་དགེར་ཁ་ཆར་ཤིན་ཏུ་ཉུང་བས་ལྟོས་བཅས་ཀྱིས་བརླན་ཚད་ཅུང་ཆུང་ལ། སྔོ་ཁེབས་སྐམ་ཤས་ཆེ་བས་ནགས་ཚལ་གྱི་མེ་ཉེན་རིམ་པ་བསྟུད་མར་ཇེ་མཐོར་སོང་། ད་ཐེངས་ཀྱི་ཁ་བས་ས་རྒྱུའི་བརླན་ཤས་ནུས་ལྡན་ངང་ཇེ་ཆེར་བཏང་སྟེ།མེ་འགོག་གི་གནོན་ཤུགས་ཇེ་ཆུང་དུ་བསྒྱུར།

འབྲེལ་ཡོད་སྡེ་ཁག་གིས་རྒྱ་ཆེའི་མང་ཚོགས་ལ་གསལ་འདེབས་ཞུ་རྒྱུར། ཐེངས་འདིའི་ཁ་བས་མེ་འགོག་གི་གནོན་ནུགས་ཇེ་ཆུང་དུ་བཏང་མོད། ཡིན་ཡང་མེ་འགོག་ལས་དོན་ལ་སྣང་མེད་གཏན་ནས་བྱེད་མི་རུང་བར། རྒྱུན་ལྡན་ལྟར་དམ་འཛིན་གྱིས་ལེགས་སྒྲུབ་བྱེད་དགོས་ཤིང་། དགུན་ཚུགས་ཏེ་དྲོད་ཚད་མར་ཆགས་རྗེས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་ཚུལ་མཐུན་གྱིས་མེ་བཀོལ་སྤྱོད་བྱེད་པ་དང་བདེ་འཇགས་ལ་མཉམ་འཇོག་བྱེད་པ་དང་། ཁངས་ཆེན་བབས་རྗེས་གཞུང་ལམ་ཁག་ཅིག་ཏུ་ཁངས་དར་ཆགས་ཡོད་པས། འགྲོ་འོང་སྐབས་སུ་འགྲིམ་འགྲུལ་བདེ་འཇགས་ལ་གཟབ་གཟབ་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།