སི་ཁྲོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་སྙན་ཞུའི་གྲོས་ཚོགས་འབར་ཁམས་སུ་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སི་ཁྲོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ11པའི་ཚེས20ཉིན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྙན་ཞུའི་གྲོས་ཚོགས་འབར་ཁམས་གྲོང་ཁྱེར་དུ་ཚོགས་ཤིང་། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀའོ་ཀྲུང་ཝེ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཚོགས་འདུའི་གཙོ་འགན་བཞེས་པ་དང་གསུང་བཤད་གནང་། ཁུལ་མི་དམངས་འཐུས་མིའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཡུན་ལུང་དང་། ཁུལ་མི་དམངས་འཐུས་མིའི་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་ལི་ཝེ་གོ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ལི་ཡན་བཅས་སྙན་ཞུའི་ཚོགས་འདུར་ཞུགས།

སྙན་ཞུ་ཚོགས་འདུའི་སྟེང་། ཀའོ་ཀྲུང་ཝེ་ཡིས་ཕྱོགས་དྲུག་ནས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་རྒྱས་བཤད་དང་འགྲེལ་བཤད་གཏིང་ཟབ་གནང་།

ལིའུ་ཕིང་གིས་ཁུལ་ཡོངས་ཀྱིས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་སྔར་ལས་ལྷག་པ་ཡོང་བར་བྱས་ནས། སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་ཀྱི་ཚ་རླབས་མུ་མཐུད་དུ་འཕྱུར་བ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁག་རྔ་བ་ཁུལ་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་འགན་ལེན་བྱེད་དགོས་པར་བསྟན། ལིའུ་ཕིང་གིས་ནན་གྱིས་བསྟན་དོན། སློབ་སྦྱོང་རྒྱུན་མཐུད་དང་ཕྱོགས་ཡོངས་ནས་གོ་བ་ལེན་པའི་ཐད་ཤུགས་སྣོན་རྒྱག་པ་དང་། རིམ་པ་བཞིན་སྒྲོག་འགྲེལ་དང་བསམ་བློར་དྲག་ཆས་སྤྲོས་པའི་ཐད་ཤུགས་སྣོན་རྒྱག་པ། ལག་ལེན་ལ་མཛུབ་སྟོན་དང་ལས་ཀར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།