ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས18ཉིན། གསར་འགོད་པས་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་རྔ་བའི་བརྟག་དཔྱད་རུ་ཁག་ནས་རྒྱུས་ལོན་པ་ལྟར་ན། ཟླ10པར་རྔ་བ་ཁུལ་གྱི་གྲོང་མིའི་འཛད་སྤྱོད་རིན་གོང(CPI)དུས་མཉམ་ལས4.0%འཕར་བ་དང་འཕར་ཚད་ཟླ་སྔོན་མ་ལས་བརྒྱ་ཆའི་ཆ1.2ཆག་ཡོད་དེ། བསྟུད་མར་ཟླ་བ་གསུམ་ལ་མར་ཆག་ཡོད། ཟས་རིགས་མ་ཡིན་པའི་རིན་གོང་དུས་མཉམ་ལས1.8%འཕར་ཡོད། ཞབས་ཞུའི་རྣམ་གྲངས་ཀྱི་རིན་གོང་དུས་མཉས་ལས3.0%འཕར་བ་དང་བཟོ་ལས་ཐོན་རྫས་ཀྱི་རིན་གོང་དུས་མཉམ་ལས0.2%ཆག་ཡོད། འཛད་སྤྱོད་དངོས་པོའི་རིན་གོང་དུས་མཉམ་ལས4.4%འཕར་བ་དང་ཚོང་ཟོག་སིལ་ཚོང་རིན་གོང་དུས་མཉམ་ལས2.4%འཕར་ཡོད།
གྲོང་མིའི་འཛད་སྤྱོད་རིན་གོང་བརྟག་དཔྱད་ཀྱི་ཚོང་ཟོག་རིགས་ཆེན་པོ་བརྒྱད་དང་ཞབས་ཞུའི་རྣམ་གྲངས་ཕྱོགས་ནས་བལྟས་ན། ཟླ་བཅུ་པར་ན་ནིང་གི་དུས་མཉམ་ལས“བདུན་འཕར་གཅིག་ཆག”གི་འཕེལ་ཕྱོགས་མངོན་པ་དང་། ཟས་རིགས་དང་ཐ་མག་དང་ཨ་རག་རིགས་ཀྱི་རིན་གོང8.1%འཕར་ཡོད། གྱོན་ཆས་རིགས་ཀྱི་རིན་གོང2.5%འཕར་བ་དང་། སྡོད་གནས་རིགས་ཀྱི་རིན་གོང0.6%འཕར་ཡོད། འཚོ་བའི་མཁོ་ཆས་དང་ཞབས་ཞུའི་རིགས་ཀྱི་རིན་གོང0.5%འཕར་བ་དང་། སློབ་གསོ་རིག་གནས་དང་རོལ་རྩེད་རིགས་ཀྱི་རིན་གོང4.0%འཕར་ཡོད། སྨན་བཅོས་བདེ་སྲུང་རིགས་ཀྱི་རིན་གོང4.0%འཕར་བ་དང་། མཁོ་ཆས་གཞན་དག་དང་ཞབས་ཞུའི་རིགས་ཀྱི་རིན་གོང1.4%འཕར་ལ། འགྲིམ་འགྲུལ་དང་འཕྲིན་གཏོང་རིགས་ཀྱི་རིན་གོང3.2%ཆག་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཟླ10བར་རྔ་བ་ཁུལ་གྱིCPIདུས་མཉམ་ལས་ལས4.0%འཕར་བ།