ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་དུས་ཡུན་ཉིན་བདུན་གྱི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རབ་འབྱམས་འབུམ་རམས་ཤེས་ལྡན་མི་སྣས་“རྨ་འབྲི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅོས་སྐྱོང་བྱེད་པའི”ཆེད་དོན་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་ཀྲེ་ཅང་སློབ་ཆེན་དུ་སློབ་མགོ་བརྩམས་པ་དང་། ཁུལ་ཡོངས་ནས་ནང་འདྲེན་བྱས་པའི་རབ་འབྱམས་འབུམ་རམས་ཤེས་ལྡན་མི་སྣ51གསོ་སྦྱོང་ནང་ཞུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ཟབ་སྦྱོང་ལ་“རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་དང་ཏང་གཤིས་སློབ་སྦྱོང་། ཡུལ་དངོས་སློབ་སྦྱོང་། ལག་ལེན་དངོས་ཀྱི་སློབ་སྦྱོང་”བཅས་རྒྱུད་རིམ་ལྡན་པའི་ཟབ་སྦྱོང་གི་སློབ་སྦྱོང་བྱེད་སྟངས་བེད་སྤྱད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་བྱ་གཙོ་བོར་བྱེད་པ། རབ་འབྱམས་འབུམ་རམས་ཤེས་ལྡན་མི་སྣ་མགྱོགས་མྱུར་ངང་བྱ་བའི་མི་སྣ་གཙོ་བོར་འཛིན་པ། ཤེས་ལྡན་མི་སྣ་ནང་འདྲེན་གྱིས་ལས་རིགས་དོན་གཉེར་བཟང་པོ་བྱེད་པའི“སློབ་ཚན་དང་པོ”ཁྲིད་ཆེད། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”དད་མོས་ཀྱི་རྨང་རྡོ་བརྟན་པོར་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྤྱད་དེ་རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་།
རྒྱ་ཆེའི་ཤེས་ལྡན་མི་སྣས་“འགན་འཁྲིའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། ཕུགས་བསམ་བརྟན་པོ་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་བློ་སྟོབས་ལྡན་པ། བློ་གཅིག་སེམས་གཅིག་གིས་ལས་དོན་སྒྲུབ་འདོད་པ། ལེགས་སྐྱེས་འབུལ་བའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་ལྷག་བསམ་རྣམ་དག་བྱེད་པའི་བརྩེ་སེམས་བཅངས་ཏེ་བྱ་བ་སྒྲུབ་པར་གཟབ་བརླིང་གིས་གདོང་གཏོད་པ། དངོས་དོན་སྒྲུབ་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འཇིག་རྟེན་གྱི་གསར་གཏོད་དང་། གཞན་གྱི་སྔོན་དུ་བསྐྱོད་ཕོད་པའི་དཔའ་སེམས། བློ་རྩེ་གཅིག་སྒྲིམ་གྱིས་ལས་དོན་བསྒྲུབ་”ཅེས་པའི་ལས་ཀའི་རྣམ་འགྱུར་ཡོད་པ། “ལྷག་བསམ་རྣམ་དག་གིས་རྔ་པའི་ནང་ཞུགས་པ་དང་། ལྷག་བསམ་རྣམ་དག་གིས་རྔ་པར་ལེགས་སྐྱེས་འབུལ་བའི་”ཆོད་སེམས་སྔར་བས་ཇེ་བརྟན་དུ་གཏོང་བ། ཞིབ་འཇུག་ཟབ་སྦྱོང་སློབ་མ་ཡོངས་ཀྱིས་སློབ་སྦྱོང་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པས། རྩ་འཛུགས་ཀྱི་བརྩེ་སེམས་ཟབ་མོ་དེ་བྱ་བའི་སྒུལ་ཤུགས་སུ་བསྒྱུར་ནས་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་ལས་སྒོའི་ཆུ་ཚད་ཟམ་མི་ཆད་པར་མཐོར་འདེགས་དང་། ཞབས་ཞུའི་རྣམ་པ་རྒྱུན་མཐུད་ངང་མཐོ་རུ་བཏང་ནས་དུས་རབས་གསར་པར་གོམ་ཞེང་ཆེན་པོས་བྱས་རྗེས་འཇོག་པ་དང་། རྔ་པ་གསར་པར་བྱས་རྗེས་འཇོག་རྒྱུ་ཡིན་པར་བསྟན། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
རྔ་པ་ཁུལ་གྱི་རབ་འབྱམས་འབུམ་རམས་ཤེས་ལྡན་མི་སྣའི་ཆེད་དོན་གསོ་སྦྱོང་ཀྲེ་ཅང་སློབ་ཆེན་དུ་གཉེར།