སླར་གསོ་བྱུང་རྗེས་ཀྱི་གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ།
སླར་གསོ་བྱུང་རྗེས་ཀྱི་གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ།
སླར་གསོ་བྱུང་རྗེས་ཀྱི་གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ།
སླར་གསོ་བྱུང་རྗེས་ཀྱི་གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས8ཉིན། ཡུལ་སྐོར་བ་རྣམས“ལྷ་ཡི་ཞིང་ཁམས”ལྟ་བུའི་གཟི་ཚྭ་སྡེ་དགུ་རུ་རྒྱུ་སྟེ། མཛེས་ལྗོངས་ཁུལ་ཕྱི་རོལ་གྱི་གཙང་བྲག་གྲོང་རྡལ་དུ་དགའ་དགའ་སྐྱིད་སྐྱིད་ཀྱི་རྣམ་པ་ཞིག་གིས་ཁེངས་ཡོད། གསར་འགོད་པས་གཟི་ཚྭ་སྡེ་དགུ་རྫོང་བསྐྱར་སྐྲུན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་གསུམ་བརྒྱུད་ནས་གཟི་ཚྭ་སྡེ་དགུའི་གནོད་རྗེས་བསྐྱར་འཛུགས་ལས་དོན་ལེགས་གྲུབ་བྱུང་བ་དང་རྣམ་གྲངས་ལས་མཇུག་འགྲིལ་ཚད93.03%ཟིན་པ་རེད།
གཟི་ཚྭ་སྡེ་དགུ་རྫོང་བསྐྱར་སྐྲུན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་ཅན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ས་གནས་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས། རོགས་སྐྱོར་འཛུགས་སྐྲུན་དཔུང་ཆེན་བཅས་ཐུན་མོང་གིས་འབད་པའི་འོག་གཟི་ཚྭ་སྡེ་དགུའི་གནོད་རྗེས་བསྐྱར་འཛུགས་ལས་མཇུག་འགྲིལ་བའི་རྣམ་གྲངས227ཟིན་ཡོད་ལ། དེའི་ནང་སྐྱེ་ཁམས་སླར་གསོ་དང་། ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན། དམངས་འཚོ་འགན་ལེན། འགྲིམ་འགྲུལ་དོ་དམ་དྲ་བ་སོགས་ཚུད་པའི་རྣམ་གྲངས་ཁག་གཅིག་གིས་གཟི་ཚྭ་སྡེ་དགུའི་གནོད་རྗེས་བསྐྱར་འཛུགས་དང་འཕེལ་རྒྱས་རིམ་སྤོར་འགན་ལེན་བྱས་པ་དང་། གཞན་ད་དུང་གཟི་ཚྭ་སྡེ་དགུ་རྫོང་གི་སྐྱེ་ཁམས་ཁོར་ཡུག་གི་བྱེད་ནུས་གཞི་རྩའི་ཆ་ནས་ས་འགུལ་མ་བྱུང་གོང་གི་ཚད་ལ་སླེབས་ཤིང་། གནོད་འགོག་གནོད་སེལ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་པ་དང་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད་ཅེས་བསྟན།
གནོད་རྗེས་བསྐྱར་འཛུགས་ཁྲོད་དམངས་འཚོའི་ལས་དོན་ལ་འགན་ལེན་གང་ལེགས་བྱུང་སྟེ། གཟི་ཚྭ་སྡེ་དགུ་རྫོང་གིས་ས་འགུལ་གྱི་གནོད་འཚེ་ཕོག་པའི་ཞིང་པའི་ཁང་པ་ཁྲི1.45ཉམས་གསོ་བརྟན་གཏོང་དང་། གྲོང་ཁྱེར་གྱི་ཁང་པ3159ཉམས་གསོ་བརྟན་གཏོང་། ཞིང་པའི་ཁང་པ70དང་གྲོང་ཁྱེར་གྱི་ཁང་པ34བསྐྱར་སྐྲུན་ལས་འགན་བཅས་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པར་མ་ཟད། གསར་དུ་བསྐྲུན་པའི་གཙང་བྲག་གྲོང་རྡལ་གྱི་སློབ་ཆུང་སོགས་སློབ་གྲྭ14དང་རྒྱལ་སྤྱིའི་ཡུལ་སྐོར་འཕྲལ་སྡོམ་སྨན་བཅོས་འགན་ལེན་ལྟེ་གནས་སོགས་སྨན་བཅོས་འཕྲོད་བསྟེན་རྣམ་གྲངས7ཡང་བཀོལ་སྤྱོད་བྱེད་པའི་མགོ་ཚུགས། གསར་དུ་བསྐྲུན་པའི་འཚོ་བ་དང་། ཟ་ཁང་། སྨན་པའི་གད་སྙིགས་རིགས་དབྱེ་གཙང་སེལ་བཟོ་གྲྭ་བཅས་ཀྱིས་གཟི་ཚྭ་སྡེ་དགུའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གད་སྙིགས་ཀྱི་སྦགས་བཙོག་དང་ཐོན་ཁུངས་ཚུར་བསྡུའི་དཀའ་གནད་སེལ་ཞིང་། དེས་མ་འོངས་པའི་ལོ་བཅུའི་འཕེལ་རྒྱས་ཀྱི་དགོས་མཁོ་ཡང་སྐོང་ཐུབ་པ་རེད།
ས་འགུལ་ཁྲོད་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་ཡིན་པའི་གཟི་ཚྭ་སྡེ་དགུ་ལ་གཏོར་སྐྱོན་ཚབས་ཆེན་བཟོས་པས། གཟི་ཚྭ་སྡེ་དགུ་ཡིས“རང་བྱུང་སླར་གསོ་གཙོ་འཛིན་དང་མི་ཐབས་ལ་བརྟེན་ནས་བཅོས་སྒྲིག་བྱ་རྒྱུ་ཕལ་བར་འཛིན་པ། སྐྱེ་དངོས་བྱ་ཐབས་གཙོ་འཛིན་དང་ལས་གྲྭའི་བྱ་ཐབས་ཕལ་བར་འཛིན་པའི”སྐྱེ་ཁམས་སླར་གསོའི་བྱེད་ཐབས་རབ་དང་རིམ་པ་སྤེལ།
གསར་འགོད་པས་མཐོང་བ་བཞིན། ས་འགུལ་བྱུང་རྗེས་ཀྱི་སྐབས་ཤིག་རིང་ཆུ་རགས་ཤོར་ནས་གར་སོང་ཆ་མེད་དུ་གྱུར་པའི་མེ་སྟག་མཚོ་མོ་དེ་ཡང་སྔར་བཞིན་མཛེས་པར་གྱུར་ཡོད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
གཟི་ཚྭ་སྡེ་དགུའི་གནོད་རྗེས་བསྐྱར་འཛུགས་ལས་དོན་ལེགས་གྲུབ་བྱུང་བ།