རྔ་བ་རྫོང་གིས་བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འགའི་སྔོན། རྔ་བ་རྫོང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོ་དང་གྲལ་བཤེར་ཆེན་མོ་བྱས་པ་དང་ཆབས་ཅིག གཞུང་ལམ་འགྲིམ་འགྲུལ་དང་འཛུགས་སྐྲུན་བྱ་ཡུལ། ཉེན་ཆེའི་རྫས་འགྱུར་དངོས་རྫས། དམིགས་བསལ་སྒྲིག་ཆས། མེ་ཟོན་བདེ་འཇགས་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་ལ་ཉིན་བརྒྱའི་བདེ་འཇགས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་རེད། 

མིག་སྔར། རྔ་བ་རྫོང་གིས་ཞིབ་བཤེར་ཚོ་ཆུང8བཙུགས་ཤིང་ཞིབ་བཤེར་མི་ཐེངས96མངགས་ནས་ཁེ་ལས་དང་ལས་དོན་སྡེ་ཁག84ལ་ཞིབ་བཤེར་བྱས་པ་དང་། མི་མངོན་པའི་རྐྱེན་ངན་ཁག220གྲལ་བཤེར་བྱས་པའི་ཁྲོད218བཅོས་སྒྲིག་བྱས་ཟིན་ཞིང་། རྐྱེན་ངན2དུས་བཀག་ནང་བཅོས་སྒྲིག་བྱ་རྒྱུའི་འགན་བཞག མངོན་མིན་རྐྱེན་ངན་བཅོས་སྒྲིག་མ་དངུལ་སྒོར་ཁྲི3.8དོན་འཁྱོལ་བྱས། བདེ་འཇགས་ཐོན་སྐྱེད་ཀྱི་ཡུལ་དངོས་ཞིབ་བཤེར་ཐོ་འགོད72དང་བཅོས་སྒྲིག་བཀའ་རྒྱའི་ཡི་གེ12སྤྲད། མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་བདེ་འཇགས་གནད་དོན1ཐག་གཅོད་བྱས། སྣུམ་སྣོན་ས་ཚིགས་ཀྱི་འགན་འཁུར་བ4དང་ཏང་སྲིད་འགོ་ཁྲིད་ལས་བྱེད་པ1ལ་ངོ་འཕྲད་ཁ་བརྡ་བྱས་པ་རེད། དུས་མཚུངས་སུ་སྡེ་ཁག་སོ་སོས་ལྐོག་ཞིབ་ཚོགས་ཆུང་བཙུགས་ནས་དུས་ཐོག་ཏུ་བདེ་འཇགས་ཀྱི་མངོན་མིན་རྐྱེན་ངན་ལཕྱིར་མིག་ལྟ་བའི”བྱེད་སྒོ་སྤེལ་བ་དང་། སྡེ་ཁག12ལ་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་མངོན་མིན་རྐྱེན་ངན26བཅོས་སྒྲིག་བྱ་རྒྱུར་ལྟ་སྐུལ་བྱས་ནས་བདེ་འཇགས་ཀྱི་མངོན་མིན་རྐྱེན་ངན་ལ་དོ་དམ་བྱ་རྒྱུའི་འགན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།