རྔ་བ་ཁུལ་གྱིས་ཚན་རྩལ་རོགས་སྐྱོར་ལ་ཤུགས་བསྣན་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་ནུས་མཐོ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱིས་ལག་རྩལ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་གྱི་རོགས་སྐྱོར་ལ་དམ་འཛིན་ཏན་ཏིག་བྱེད་པ། ཚན་རྩལ་གསར་གཏོད་མངོན་གསལ་ཡོང་བ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཚན་རྩལ་གྱི་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། མང་ཚོགས་ཀྱི་ཡོང་འབབ་འཕར་ནུས་མཐོ་རུ་བཏང་བ་རེད།

ལག་རྩལ་གསོ་སྐྱོང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་བ། གྲོང་ཚོ་དབུལ་པོ606གི་གྲོང་ཚོར་བཅའ་སྡོད་བྱེད་པའི་ཞིང་ལས་ལག་རྩལ་པ་ཡོངས་ལ་ཁྱབ་ཐུབ་པ་མངོན་འགྱུར་བྱུང་ཡོད། རིམ་རྩིས་བྱས་ན་ཚན་རྩལ་མི་སྣ་ཁྲི2.1གསོ་སྐྱོང་དང་ཞིང་འབྲོག་ཚན་རྩལ་དཔེ་སྟོན་དུད་ཚང12380གསོ་སྐྱོང་བྱས་ཡོད། ཞིང་འབྲོག་པ་མི་ཐེངས་ཁྲི58ལ་གསོ་སྦྱོང་དང་མི་ཁྲི4.8ལྷག་ཙམ་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་ཐར་ཐུབ་པ་དེས་དབུལ་ཐར་བྱས་པའི་མི་འབོར་གྱི49%བཟུང་ཡོད།

ཚན་རྩལ་གྱིས་རོགས་སྐྱོར་བྱེད་པར་དམ་འཛིན་བྱས་པ། ཞིང་འབྲོག་ཆེད་མཁས་ཞབས་ཞུ་ཚོགས་པ་བརྒྱ་བཙུགས་ནས་གཙོ་གནད་གཤམ་སྒྱུར་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། གཞི་རིམ་ལ་སྐོར་སྐྱོད་ཞབས་ཞུ་ཐེངས1200ལྷག་ཙམ་སྒྲིག་འཛུགས་བྱས་པ་དང་། འགག་རྩའི་ལག་རྩལ་གྱི་གནད་དོན600ལྷག་ཙམ་ཐག་གཅོད་བྱས།

ཚན་རྩལ་གསར་གཏོད་འབུར་དུ་ཐོན་པ། “4218”མཚོན་བྱེད་དུ་བྱས་པའི་འབྲི་གཡག་གསོ་ཚགས་ཚད་ལྡན་ཅན་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་ནས་《འབྲི་གཡག་གསོ་ཚགས་ཚད་ལྡན་ཅན་གྱི་ལག་རྩལ་ཚད་གཞི》པར་སྐྲུན་བྱས་ཤིང་། ནོར་གནག་འཁྱགས་ཁུ་ཐོན་སྐྱེད་ལག་རྩལ་གྱིས་སི་ཁྲོན་ནུབ་བྱང་འབྲོག་ཁུལ་གྱི་ནོར་གནག་ལ་འཁྱགས་ཁུ་མེད་པའི་སྟོང་ཆ་བསྐངས་བ་དང་། འབྲིའི་འོ་མ་བཞོ་ཆས་དང“ཨ་ཏན་མུ་འབྲེལ”སྔ་སྨིན་མ་རྨོས་ལོ་ཏོག་སོགས་ཚན་ཞིབ་གྲུབ་འབྲས་ལ་རྒྱལ་ཁབ་དང་། ཞིང་ཆེན། ཁུལ་བཅས་ཀྱི་གཟེངས་བསྟོད་དང་བསྔགས་བརྗོད་ཁག32ཐོབ་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།