གེ་སར་གནམ་ཐང་ནས་ཁུན་མིང་བར་གྱི་གནམ་གྲུ་སང་ཉིན་ཤར་གཏོང་བྱེད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སི་ཁྲོན་དར་རྩེ་མདོ་གནམ་ཐང་ཚོགས་པས་ཉེ་སྔོན་གནས་ཚུལ་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ9བའི་ཚེས17ཉིན་ཁུན་མིང་ནས་དཀར་མཛེས་གེ་སར་བར་གྱི་མཁའ་ལམ་ཚོད་ལྟ་འཕུར་སྐྱོད་ལ་ལེགས་གྲུབ་བྱུང་བ་དང་། ཟླ10བའི་ཚེས1ཉིན་དཀར་མཛེས་གེ་སར་གནམ་ཐང་གིས་དངོས་སུ་ཁུན་མིང་ནས་གེ་སར་བར་གྱི་དུས་གཏན་གནམ་གྲུ་ཤར་གཏོང་བྱེད་རྒྱུ་རེད། དཀར་མཛེས་གེ་སར་ནས་ཁུན་མིང་བར་གྱི་དུས་གཏན་གནམ་གྲུ་དེ་གཟའ་འཁོར་རེའི་གཟའ་གཉིས་པ་དང་། བཞི་པ། དྲུག་པ་བཅས་སུ་འཕུར་འགོ་ཚུགས་རྒྱུ་ཡིན་ཞིང་། ཞོགས་པའི་ཆུ་ཚོད6དང་སྐར་མ25སྟེང་ཁུན་མིང་ནས་འཕུར་འགོ་ཚུགས་ནས་འཕུར་སྐྱོད་དུས་ཚོད་ཆུ་ཚོད1དང་ཕྱེད་ཀ་ཙམ་ཟིན་ཡོད། 

 དཀར་མཛེས་གེ་སར་གནམ་ཐང་ནི་དཀར་མཛེས་ཁུལ་གྱི“འགྲིམ་འགྲུལ་སྔོན་ལ་སྤེལ་བའི”འཐབ་ཇུས་ཀྱི་རྣམ་གྲངས་གལ་ཆེན་གྲས་ཤིག་ཡིན་ལ། དཀར་མཛེས་ཁུལ་གྱི་ཡན་ལག་གནམ་ཐང་གསུམ་འཛུགས་སྐྲུན་གྱི་མཇུག་བསྡུའི་ལས་གཞི་ཞིག་ཀྱང་ཡིན། མིག་སྔར་དཀར་མཛེས་གེ་སར་གནམ་ཐང་གིས་མཁའ་ལམ་གསུམ་ཤར་གཏོང་ཐུབ་ཡོད་པ་སྟེ། དཀར་མཛེས་གེ་སར་ནས་ཁྲེང་ཏུའུ་དང་། དཀར་མཛེས་གེ་སར་ནས་ལྷ་ས། དཀར་མཛེས་གེ་སར་ནས་ཞ་མོན་བཅས་ཡིན། ། 

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།