ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9ཚེས28ཉིན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྙིང་དོན་སྒྲོག་འགྲེལ་དང་ཁུལ་ཨུའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང(རྒྱས་འཛོམས)ཚོགས་འདུ་དེ་དར་མདོར་ཚོགས་པ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྙིང་དོན་དང《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་གསུམ་པར་དམིགས་ནས་སློབ་སྦྱོང་དང་གྲོས་བསྡུར་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྙིང་དོན་སྒྲོག་འགྲེལ་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་ཚོགས་འདུར་ཞུགས་པ་རེད།
ལིའུ་ཁྲེང་མིང་གིས་བོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་བའི་ཇུས་གཞི་ཆེན་མོ། དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་དམིགས་ཚད་ལས་འགན་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་རྒྱག་པ། མཐའ་མཚམས་ས་ཁུལ་འཛུགས་སྐྱོང་ལ་ཤུགས་རྒྱག་པ། ཏང་གིས་བོད་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་ཤུགས་རྒྱག་པ། ཞིང་ཆེན་བཞིའི་བོད་འབྲེལ་ལས་དོན་སྤྱི་འདོམས་བྱས་ནས་ཡག་པོ་སྒྲུབ་པ་བཅས་ཀྱི་ཐད་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྙིང་དོན་སྒྲོག་འགྲེལ་གནང་བ་རེད།
ཁོང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྙིང་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ད་ཆའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཞིབ་འཇུག་བཀོད་སྒྲིག་ཞིབ་ཚགས་དང་སྒྲིག་འཛུགས་ཞིབ་ཚགས་བྱ་དགོས། གཅིག་ནས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྙིང་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དང་ཟུང་འབྲེལ་དང་།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དང་ཟུང་འབྲེལ་བྱ་དགོས། གཉིས་ནས་འགན་འཁྲི་ནན་དུ་བཏང་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་ཚོགས་འདུའི་སྙིང་དོན་དེ་ལས་ཁུངས་དང་། གྲོང་སྡེ། སྡེ་ཁུལ། སློབ་གྲྭ། ཁེ་ལས། དམག་སྒར། དགོན་སྡེ་བཅས་སུ་ཁྱབ་པ་བྱ་དགོས། གསུམ་ནས་ཚད་གཞི་ལ་གཏོང་འཛིན་དང་ཕན་འབྲས་ལ་སྣང་ཆེན་བྱས་ཏེ་སྒྲོག་འགྲེལ་ལས་དོན་གཞི་རིམ་མང་ཚོགས་དང་འབྲེལ་བ་ཡོད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཕན་འབྲས་ཐོན་པ་བཅས་ཡོང་བ་འགན་ལེན་བྱ་དགོས། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
དཀར་མཛེས་ཁུལ་ཨུས་ཁུལ་ཨུའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང(རྒྱས་འཛོམས)ཚོགས་འདུ་ཚོགས་པ།