ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྱད་ལྡན་ཐོན་ལས་ཀྱི་དབུལ་སྐྱོར་རྣམ་གྲངས་རྒྱུན་ཆད་མེད་པར་གསར་གཏོད་དང་ཐོན་ལས་དབུལ་སྐྱོར་གྱི་ཁྱབ་རྒྱ་ཆེ་རུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། རྔ་བ་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་།
མུ་མཐུད་དུ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ། “ལོ་ལྔ་ཚན་བཅུ་གསུམ་པ་”ནས་བཟུང་། རྔ་བ་ཁུལ་གྱིས་རིམ་རྩིས་བྱས་ན་ཀྲུང་དབྱང་དང་ཞིང་ཆེན་གྱི་མ་དངུལ་སྒོར་དུང་ཕྱུར38.02བརྩོན་ལེན་བྱས་ཏེ། ཞིང་ལས་ཐོན་ལས་སྐྱེད་སྲིང་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ལ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་།
རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ། ཐོན་སྐྱེད་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པའི་བྱ་སྤྱོད་གཙོ་གནད་དུ་བཟུང་ནས་སྐུལ་འདེད་བཏང་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་བས། མིག་སྔར་ཁུལ་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་བགྲོད་ལམ་སྤྱི་ལེ8001དང་། ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི4.7བསྐྲུན། གཙོ་བོ་ཞིང་ལས་རྨོ་འདེབས་དང་འདེབས་འཛུགས། བསྡུ་ལེན་བཅས་ཀྱི་འཕྲུལ་ཆས་ཅན་གྱི་ཆུ་ཚད47.3%ཟིན་ལ། ཕྱུགས་ཟོག་གི་དྲོད་ཁང་ཁྲི3.3དང་མིའི་བྱེད་ཐབས་ལ་བརྟེན་པའི་གཟན་རྩྭ་འདེབས་པའི་ས་མུའུ་ཁྲི30བསྐྲུན་ཡོད་པ་རེད།
རྟེན་གཞིའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། དེང་རབས་ཞིང་ལས་གླིང་ཁུལ་སྐྱེད་སྲིང་བྱ་རྒྱུར་དམ་འཛིན་བྱས་ནས། དེང་རབས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་རྟེན་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། 2019ལོའི་ལོ་མཇུག་བར་ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི55.8དང་ཐོན་སྐྱེད་བྱེད་ཚད་ཏུན་ཁྲི94.26ཡོད། ཕྱིར་འཚོང་བྱས་པའི་ཕྱུགས་རིགས་དང་བྱ་རིགས་ཀྱི་གྲངས་ཀ་ཁྲི267.85དང་། ཤ་དང་འོ་མའི་ཐོན་འབབ་བསྡོམས་པས་ཏུན་ཁྲི25.15ཡོད་ལ། ཤིང་འབྲས་དང་སྔོ་ཚལ་གྱི་ལྟེ་བའི་དཔེ་སྟོན་རྟེན་གཞི76བསྐྲུན་ཡོད། གཞི་ཁྱོན་འོས་འཚམ་ལྡན་པའི་གསོ་སྤེལ་ར་བ380ཡོད་པ་དང་། རིམ་པ་ཁག་གི་དེང་རབས་ཞིང་ལས་གླིང་ཁུལ20འཛུགས་སྐྲུན་བྱས་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
རྔ་བ་ཁུལ་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་བ།