མཛོད་དགེ་རྫོང་གིས་རང་བྱུང་རྩྭ་ཐང་གི་གཟན་རྩྭ་ཐོན་སྐྱེད་ནུས་པ་ཚད་འཇལ་གཏན་འཁེལ་གྱི་ལས་དོན་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར་མཛོད་དགེ་རྫོང་གིས་སྐར་དམར་གྲོང་རྡལ་དུ་སྐྱེ་དངོས་ལུད་རྫས་དང་ལུད་རྫས་མེད་པའི་ས་ཁོངས2བདམས་ནས། རང་བྱུང་རྩྭ་ཐང་གི་གཟན་རྩྭ་ཐོན་སྐྱེད་བྱེད་ནུས་ཚད་ལེན་བྱེད་པའི་ལས་དོན་སྤེལ།

ཚད་འཇལ་གཏན་འཁེལ་བྱས་པ་བརྒྱུད། སྐྱེ་དངོས་ལུད་རྫས་སྤྱད་པའི་ས་ཁོངས་ཀྱི་གཟན་རྩྭའི་སྐྱེ་འཕེལ་གྱི་མཐོ་ཚད་ལ་ཆ་སྙོམས་ལི་སྨི33.9དང་ལོ་མའི་བང་རིམ་གྱི་མཐོ་ཚད་ལི་སྨི29.3ཡོད་ལ།  ཁྱབ་ཚད89.7%ཡོད་པ་མ་ཟད། མུའུ་རེ་ནས་གཟན་རྩྭ་ཏུན873.77ཐོན་སྐྱེད་བྱེད་ཐུབ་ཀྱིན་ཡོད། ལུད་རྫས་མེད་པའི་ས་ཁོངས་ཀྱི་གཟན་རྩྭའི་སྐྱེ་འཕེལ་གྱི་མཐོ་ཚད་ཆ་སྙོམས་ལི་སྨི་29.2དང་ལོ་མའི་མཐོ་ཚད་ལ་ལི་སྨི་19.3ཡོད་ལ། ཁྱབ་ཚད72%ཡོད་པ་མ་ཟད། མུའུ་རེ་ནས་གཟན་རྩྭ660.33kgཐོན་སྐྱེད་བྱེད་ཐུབ་ཀྱིན་ཡོད། བསྡུར་བ་བྱས་པར་བརྟེན། སྐྱེ་དངོས་ལུད་རྫས་སྤྱད་པའི་སུ་མུའུ་རེར་གཟན་རྩྭ་སྤྱི་རྒྱ213.44ཐོན་སྐྱེད་འཕར་སྣོན་བྱུང་བ་དང་། ཆ་སྙོམས་མུའུ་རེའི་གཟན་རྩྭ་ཐོན་ཚད32%ཡན་འཕར་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།