སི་ཁྲོན་ཞིང་ཆེན་ཐད་གཏོགས་ལས་ཁུངས95ཡིས་རྔ་བ་ཁུལ་གྱི་རྫོང་ (གྲོང་ཁྱེར)13ལ་གནས་འཁེལ་རོགས་སྐྱོར་བྱས།

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཁུལ་དབུལ་སྐྱོར་གསར་སྤེལ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་ཐད་གཏོགས་ལས་ཁུངས་95ཡིས་རང་ཁུལ་གྱི་རྫོང(གྲོང་ཁྱེར)13ལ་གནས་འཁེལ་རོགས་སྐྱོར་བྱས། ཟླ་8པའི་ཟླ་མཇུག་བར་དུ། མ་དངུལ་སྒོར་ཁྲི་6000.62ཐོན་ཡོད། དེའི་ནང་མ་དངུལ་སྒོར་ཁྲི་4269.65བཏང་ནས་རྣམ་གྲངས་339ལས་མགོ་ཚུགས་ལ། རྣམ་གྲངས་150ལེགས་གྲུབ་ཟིན་ནས་དབུལ་བོ་མི་འབོར་3898ལ་ཐད་ཀར་ཕན་ཐོགས། གསོ་སྦྱོང་ཐེངས་137བྱས་ནས་དབུལ་ཕོངས་མི་འབོར་དང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་3798ལ་གསོ་སྦྱོང་བྱས་ཤིང་། དབུལ་ཕོངས་དུད་ཚང་240ལ་ངལ་ལས་ལས་ཞུགས་མངོན་འགྱུར་བྱུང་། དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་ཐོན་རྫས་ཀྱི་རིན་ཐང་སྒོར་ཁྲི་188ཕྱིར་འཚོང་བྱེད་རོགས་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།