​དཀར་མཛེས་ཁུལ་དཔེ་མཛོད་ཁང་སི་ཁྲོན་ཞིང་ཆེན་གྱི་གནའ་གཞུང་སྲུང་སྐྱོང་ལས་ཁུངས་ཀྱི་མིང་བྱང་ནང་བཅུག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས10ཉིན། 2020ལོའི་སི་ཁྲོན་ཞིང་ཆེན་གནའ་གཞུང་སྲུང་སྐྱོང་ལས་དོན་ཚོགས་འདུ་ཁྲིན་ཏུའུ་གྲོང་ཁྱེར་ནས་འཚོགས་ཤིང་།  ཚོགས་འདུའི་ཐོག《སི་ཁྲོན་ཞིང་ཆེན་གྱི་གནའ་གཞུང་གཙོ་གནད་སྲུང་སྐྱོང་སྡེ་ཚན་ཁག་གཉིས་པ་དང་སི་ཁྲོན་ཞིང་ཆེན་གྱི་གནའ་གཞུང་སྲུང་སྐྱོང་སྡེ་ཚན་གྱི་མིང་ཐོ》ཁྱབ་བསྒྲགས་བྱས་པ་དང་འབྲེལ་སྒོ་བྱང་སྤྲད་པ་དང་། དཀར་མཛེས་ཁུལ་དཔེ་མཛོད་ཁང་དེ་ཁག་གཉིས་པའི་སི་ཁྲོན་ཞིང་ཆེན་གྱི་གནའ་གཞུང་སྲུང་སྐྱོབ་ལས་ཁུངས་ཀྱི་མིང་བྱང་ནང་བཅུག་པ་རེད།

 དཀར་མཛེས་ཁུལ་དཔེ་མཛོད་ཁང་གི་འགན་ཁུར་གཙོ་བོ་ནི་རིག་གནས་ཤུལ་བཞག་ཉར་ཚགས་དང་རིག་གནས་ཆ་འཕྲིན་བརྒྱུད་སྤེལ་བྱ་རྒྱུ་དེ་ཡིན་ལ། དེའི་ནང་ཁམས་པའི་བོད་རིག་པའི་ཚད་ལྡན་ཡིག་ཆའི་ལྟེ་གནས་ནི་དཔེ་མཛོད་ཁང་དེའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན་པས། བོད་ཡིག་གི་ཚད་ལྡན་ཡིག་ཆ་དང་། སྤུས་ལེགས་ཐང་ག བོད་ཁུལ་གྱི་ཡིག་གཟུགས་མཁས་ཅན་དག་གི་བརྩམས་ཆོས། ལིའུ་ཝུན་ཧུའེ་དཔེ་མཛོད་ཁང་གི་དམིགས་བསལ་བོད་ཀྱི་ཚད་ལྡན་ཡིག་ཆ། བོད་རིག་པའི་མཁས་ཅན་གྱི་བརྩམས་ཆོས། རིག་གསར་གྱི་ཚད་ལྡན་ཡིག་ཆ་སོགས་ཉར་ཚགས་བྱས་ཡོད།

 ད་ལོར་ཁུལ་དཔེ་མཛོད་ཁང་གིས“ཀློག་པ་པོ་གཙོ་བོ་དང་། ཞབས་ཞུ་ཨང་དང་པོའི”བླང་བྱར་དམིགས་སྟེ་ལས་དོན་མི་སྣ་རྩ་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་མ་ཟད། “དྲ་ཐོག+དྲ་འོག”གི་ཐབས་སྤྱད་པ་དང་།  རྣམ་གྲངས་རེ་ཞུ་དང་བོད་ཡིག་གནའ་གཞུང་གི་ཚད་ལྡན་ཡིག་ཆའི་རིགས་དབྱེ་ཤེས་རྟོགས་གཏིང་ཟབ་བྱས་པ་བརྒྱུད་ལས་གནས་ཀྱི་འགན་ནུས་འགན་འཁྲི་དང་ཏང་སྲོལ་སྲིད་གཙང་གི་འགན་འཁྲི་སྔར་བས་ཁ་གསལ་བཟོས་ཏེ་འབྲེལ་ཡོད་ལས་དོན་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

 ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་གྱི་གནའ་གཞུང་གཙོ་གནད་སྲུང་སྐྱོང་སྡེ་ཚན་ཁག་གཉིས་པ་དང་སི་ཁྲོན་ཞིང་ཆེན་གྱི་གནའ་གཞུང་སྲུང་སྐྱོང་སྡེ་ཚན་གྱིས་གོམ་གང་མདུན་སྤོས་ཀྱིས“སྲུང་སྐྱོབ་གཙོར་འཛིན་དང་། མྱུར་སྐྱོབ་དང་པོ། ལུགས་མཐུན་བེད་སྤྱོད། དོ་དམ་ཤུགས་སྣོན”བཅས་ཀྱི་བྱེད་ཕྱོགས་ལག་བསྟར་ཡག་པོ་བྱས་ཏེ་སི་ཁྲོན་ཞིང་ཆེན་གྱི་རྩ་ཆེའི་གནའ་གཞུང་སྲུང་སྐྱོང་དང་། དོ་དམ། བེད་སྤྱོད་ལུགས་མཐུན་བཅས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོར་བསྒྲུབ་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།