དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་”གྱི་སྒོ་བྱང་སྤྲད་པ།

1600474649312271.jpg

ཟླ9པའི་ཚེས17ཉིན། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ”ཞེས་པའི་སྒོ་བྱང་སྤྲད་པ་རེད། ལིག་ཀྲུང་ཅོན་གྱིས་པར་བསྐྱོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས17ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70འཁོར་བའི་དགའ་སྟོན་ཚོགས་ཆེན་དར་རྩེ་མདོ་གྲོང་ཁྱེར་དུ་ཚོགས། ཉིན་དེར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་(གཤམ་དུ་དཀར་མཛེས་ཁུལ་ཞེས་བརྗོད་རྒྱུ་)ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ”ཞེས་པའི་སྒོ་བྱང་སྤྲད་པ་རེད།

དཀར་མཛེས་ཁུལ་ནི1950ལོའི་ཟླ11པའི་ཚེས24ཉིན་བཙུགས་པ་དང་། དེ་ནི་རྒྱལ་ཡོངས་སུ་ས་ཁུལ་རིམ་པའི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་བཙུགས་པ་དང་པོ་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི15.37ཡོད། དེའི་ཁོངས་སུ་རྫོང(གྲོང་ཁྱེར)18དང་རྒྱུན་སྡོད་མི་འབོར་ཁྲི120ཡོད་པའི་ནང་བོད་རིགས་མི་འབོར་གྱིས82%བཟུང་ཡོད།

1600474660807940.jpg

ཚེས17ཉིན། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70འཁོར་བའི་དགའ་སྟོན་ཚོགས་ཆེན་དར་རྩེ་མདོ་གྲོང་ཁྱེར་དུ་ཚོགས། ལིག་ཀྲུང་ཅོན་གྱིས་པར་བསྐྱོན། 

ཤེས་རྟོགས་བྱུང་བ་ལྟར་ན། དཀར་མཛེས་ཁུལ་བཙུགས་ནས་ལོ་འཁོར70འགོར་བའི་རིང་། GDPམི་རེའི་ཆ་སྙོམས1950ལོའི་སྒོར66ནས2019ལོར་སྒོར་32440བར་འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ1950ལོའི་སྒོར་ཁྲི22ནས2019ལོར་སྒོར་དུང་ཕྱུར34.12བར་འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ1950ལོའི་སྒོར253ནས2019ལོར་སྒོར34831བར་འཕར། ཞིང་སྡེའི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ1950ལོའི་སྒོར88ནས2019ལོར་སྒོར་12808བར་འཕར་ཡོད།

དཀར་མཛེས་ཁུལ་ནི་ཀྲུང་གོའི་ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་ཡིན་མོད། ད་ལྟ་ས་གནས་དེ་གའི་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་ཐུབ་པ་བྱུང་ཡོད་པས། དབུལ་ཐར་བྱུང་ཚད2014ལོའི23.17%ནས་2019ལོར0.23%བར་ཆག་ཡོད། དབུལ་ཕོངས་མི་འབོར222986དབུལ་ཐར་བྱུང་བ་དང་། དབུལ་ཕོངས་ཞིང་སྡེ1360ཚང་མ་དབུལ་ཐར་བྱུང་ཡོད། དབུལ་ཕོངས་རྫོང་(གྲོང་ཁྱེར་)18ཚང་མས་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད།

ལོ་འཁོར70འགོར་བའི་རིང་། དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ལ་རྫོང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ཤང་ཚང་མར་སྣུམ་ལམ་ཤར་གཏོང་ཐུབ་པ། ཞིང་སྡེར་ཨར་འདམ་ལམ་ཤར་གཏོང་ཐུབ་པ་བཅས་ཀྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། མིག་སྔར་དཀར་མཛེས་ཁུལ་གྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག1952ལོའི་སྤྱི་ལེ704ནས་2019ལོར་སྤྱི་ལེ34310བར་འཕར་ཡོད། དེའི་ནང་མྱུར་བགྲོད་གཞུང་ལམ་སྤྱི་ལེ46དང་རྒྱལ་ལམ་སྤྱི་ལེ3418ཡོད། ཞིང་ཆེན་རིམ་པའི་གཞུང་ལམ་སྤྱི་ལེ2278དང་ཞིང་སྡེའི་གཞུང་ལམ་སྤྱི་ལེ28568(སི་ཁྲོན་ཞིང་ཆེན་གྱི་ཨང་དང་པོར་སླེབས་པ)ཡོད། དེ་མིན། སྔ་རྗེས་སུ་དཀར་མཛེས་ཁུལ་དར་རྩེ་མདོ་གནམ་ཐང་དང་འདབ་པ་གནམ་ཐང་། གེ་སར་གནམ་ཐང་བཅས་འཛུགས་བསྐྲུན་བྱས་ཏེ་གནམ་གྲུ་ཤར་གཏོང་ཐུབ་པ་བྱུང་ཡོད་པས། དཀར་མཛེས་ཁུལ་འདི་ཉིད་རྒྱལ་ཡོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4000ཡན་གྱི་ཡན་ལག་གནམ་ཐང3ཡོད་པའི་གྲོང་ཁྱེར(ཁུལ)གཅིག་པུ་རུ་གྱུར་ཡོད།    

ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིག་ཁྲིན་མིང་གིས་ཉིན་དེར་དགའ་སྟོན་ཚོགས་ཆེན་གྱི་ཤིས་ཚིག་ནང་གསུངས་དོན། ལོ་ངོ་མང་པོའི་རིང་དཀར་མཛེས་ཀྱིས་ཕྱོགས་ཁག་གི་ལས་དོན་མི་རིགས་མཐུན་སྒྲིལ་བྱ་གཞག་གཙོ་གནད་དུ་འཛིན་པ་མཐའ་འཁྱོངས་བྱས་ཏེ། “ཆ་སྡེབ་གཉེན་སྒྲིག་”དང་། “བློ་སེམས་གཅིག་མཐུན་”དང་། “དུད་ཁྱིམ་དང་གྲྭ་བཙུན་མཉམ་འབྲེལ་”སོགས་ཀྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ལ། ནང་ལོག་གི་གྲོང་ཁྱེར་དང་སྤེལ་རེས་འགྲོ་འོང་། མཉམ་འདྲེས་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད་པས། མི་རིགས་ཁག་གི་མང་ཚོགས་ཕན་ཚུན་མཐུན་སྒྲིལ་གྱི་བརྩེ་བ་ཟབ་མོ་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།