རྔ་བ་ཁུལ་གྱི་གློག་ཤུགས་དབུལ་སྐྱོར་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར4.98བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྔ་བ་ཁུལ་ཁུལ་གྱི་གློག་ཤུགས་དབུལ་སྐྱོར་རྣམ་གྲངས་ལ་བསྡོམས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར4.98བཏང་ཡོད་པ་རེད།

ནན་ཏན་གྱིས་དབུལ་ཕོངས་མང་ཚོགས་ཀྱི་འཚོ་བའི་གློག་སྤྱོད་དགོས་མཁོར་འགན་སྲུང་བྱེད་ཆེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རྔ་བ་ཁུལ་གྱིས་གློག་ཤུགས་དབུལ་སྐྱོར་རྣམ་གྲངས215ལག་བསྟར་བྱས་པར་བསྡོམས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་4.98བཏང་བ་དང་། ཆན་ཧྥུ35དང་དེའི་མན་གྱི་གློག་སྒྱུར་ཤོང་ཚད་ཆན་ཧྥུ་ཨན་ཁྲི3.6འཛུགས་བསྐྲུན་བྱས་ལ། གློག་འདྲེན་སྐུད་ལམ་སྤྱི་ལེ2156.1ཟིན། གསར་སྐྲུན་དང་སྒྱུར་བཀོད་བྱས་པའི་གློག་སྒྱུར་ཁུལ507དང་གསར་དུ་གློག་ཤུགས་སྒྲིག་སྦྱོར་བྱས་པའི་དུད་ཚང13268ཡོད་པ་རེད། གློག་ཤུགས་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་རྔ་བ་ཁུལ་གྱི་རྫོང(གྲོང་ཁྱེར)13གྱི་སྡེ་བ་དབུལ་པོ553དང་དུད་ཚང་དབུལ་པོ10177།  མང་ཚོགས་དབུལ་པོ39477གྱི་འཚོ་བའི་གློག་སྤྱོད་སྤུས་ཚད་སྔར་བས་ཇེ་ལེགས་སུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།