བདེ་ཆེན་རྫོང་གི་སློབ་གསོའི་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བདེ་ཆེན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་སློབ་གསོའི་ལས་དོན་ཚོགས་འདུ་བསྡུས་ནས་རྫོང་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཚོགས་པ་དང་། སློབ་གྲྭའི་ཕུལ་བྱུང་སློབ་གཙོ།  སློབ་གསོའི་ཕུལ་བྱུང་ལས་དོན་པ། འཛིན་གྲྭའི་ཕུལ་བྱུང་འཛིན་བདག ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ་མཁན་བཅས་ལ་གཟེངས་བསྟོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་བདེ་ཆེན་རྫོང་གིས་སློབ་གསོར་མ་དངུལ་སྒོར་དུང་ཕྱུར་3.08བཏང་བས། དེ་ལོ་སྔོན་མ་ལས6.09%ཡིས་འཕར་ཡོད། རིགས་ཁག་གི་སློབ་གསོའི་འཛུགས་སྐྲུན་རྣམ་གྲངས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། སློབ་གཉེར་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས། སློབ་གསོ་འཕེལ་རྒྱས་ཀྱི་ནུས་པ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་བརྟན་འཇགས་ངང་མཐོ་རུ་ཕྱིན་ཡོད། རྫོང་འདིས་གཅིག་སྡུད་སློབ་གཉེར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་བ་དང་། “སྡེ་བ་རེར་བུ་བཅོལ་ཁང་རེ”འཛུགས་པའི་ལས་གཞི་ལག་བསྟར་བྱས་པས་རྫོང་ཡོངས་ཀྱི་འོས་འགན་དུས་མཚམས་ཀྱི་སློབ་མ་སློབ་ཆུང་དུ་ཞུགས་ཚད99.9%ལ་སླེབས་པ་དང་། དམའ་འབྲིང་དུས་རིམ་གྱི་སློབ་མ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ་120.6ལ་སླེབས་ཤིང་། སློབ་ཞུགས་ལོ་གསུམ་གྲ་སྒྲིག་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད80%དང་སློབ་ཞུགས་ལོ་གཅིག་གྲ་སྒྲིག་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད99%ལ་སླེབས་པས། སློབ་གསོ་འགན་སྲུང་ལས་དོན་ལ་ཕན་འབྲས་དངོས་ཐོན་ཡོད་པ་རེད། 2019ལོར་རིགས་ཁག་གི་སློབ་གསོའི་དམངས་ཕན་སྲིད་ཇུས་མ་དངུལ་སྒོར་ཁྲི2602གཤམ་སྤྲོད་བྱས་པ་དང་། སློབ་ཁུངས་ས་ཆའི་ཡིད་རྟོན་སློབ་སྐྱོར་དངུལ་བུན་སྒོར་ཁྲི371དང་དངུལ་བུན་སྒོར་ཁྲི290བཏང་ཡོད་ལ། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་ཆེན་སློབ་མ623ལ་རོགས་དངུལ་སྤྲད་པ་དང་། “ཐད་བརྒལ་མི་རིགས”ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་ཆེན་སློབ་མ62ལ་བྱ་དགའ་དང་ཁ་གསབ་རིགས་དངུལ་སྤྲད་པ་རེད།

2020ལོར་འབྲིང་རྒྱུགས་ཀྱི་སྤྱིའི་སྐར་གྲངས་ཀྱིས་བདེ་ཆེན་རྫོང་སླར་ཡང་ཁུལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་རེད། དེའི་ནང་སྐར་གྲངས500ཡན་གྱི་སློབ་མ158ཡོད་པ་དང་དེས30.79%བཟུང་བས། དེས་བདེ་ཆེན་རྫོང་གི་འབྲིང་རྒྱུགས་སྐར་གྲངས500ཡན་ལོན་པའི་མི་གྲངས་མཐོ་ཤོས་སུ་སླེབས་ཡོད། སློབ་ཆུང་གི་ཡིག་རྒྱུགས་ལའང་གཡུར་ཟའི་གྲུབ་འབྲས་ཐོབ་པས་སྤྱིའི་སྐར་གྲངས་ཁུལ་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། སློབ་གྲྭ་ཆུང་འབྲིང་གི་ཕོ་མོའི་ལན་ཆིའུ་སྤོ་ལོ་དང་རྐང་རྩེད་སྤོ་ལོ་ཞིང་ཆེན་ཡོངས་ཀྱི་རིམ་པ་བཞིའི་གཅིག་གྱུར་འགྲན་སྡུར་ཁྲོད་གྲུབ་འབྲས་བཟང་པོ་ཐོབ་ཡོད། 2019ལོར“ལུས་རྩལ་+ཡུལ་སྐོར”གྱི་རྩེར་སོན་འགྲན་སྡུར(གླིང་གེ་སར་བུམ་པའི་མདའ་འཕེན་དུས་ཆེན་)ལ་ཞིང་ཆེན་རིམ་པའི་གཟེངས་བསྟོད་ཐོབ།

བདེ་ཆེན་རྫོང་གིས་ལོ་ངོ14ལ་སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོ་དང་སློབ་སྐྱོར་དངུལ་བུན་གྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། “432”སློབ་གསོའི་དབུལ་སྐྱོར་བྱེད་ཐབས་བཏོན་པ་དང་། རྗེས་ལུས་སློབ་མར་སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། དམིགས་བསལ་སློབ་ལོ་རན་པའི་བྱིས་པར་“སློབ་གསོ་སྒོ་ཁར་སྐྱེལ་”ནས་སློབ་མ་དབུལ་པོ་སློབ་རིམ་འཕར་བ་དང་སློབ་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད། དེ་དང་ཆབས་ཅིག་སློབ་ཞུགས་སྔོན་པའི་བྱིས་པའི་དགེ་རྒན་སོགས་ཆེད་དོན་གདན་ཞུའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས་སློབ་གསོའི་ཞན་ཆ་སྔར་ལས་ལྷག་པའི་སྒོ་ནས་ཁ་གསབ་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།