ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས4ཉིན་རྔ་བ་རྫོང་ཁེ་ཁོ་གཙང་བོ་ནས་ནག་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་ལས་དོན་མི་སྣས་བརྔ་བསྡུ་འཕྲུལ་འཁོར་ལ་བརྟེན་ནས་ནས་ནག་བྲེག་པ་དང་། ད་ལོ་མཉམ་ལས་ཁང་གིས་གཞི་ཁྱོན་ལྡན་པའི་སྒོ་ནས་ནས་ནག་མུའུ330ལྷག་ཙམ་འདེབས་འཛུགས་བྱས་ཤིང་། བརྔ་བསྡུ་བྱེད་པའི་དུས་ཚིགས་སུ་མཉམ་ལས་ཁང་གིས་མ་དངུལ་སྒོར་ཁྲི30ལྷག་ཙམ་བཏང་ནས་བརྔ་བསྡུ་འཕྲུལ་འཁོར་སོགས་ཀྱི་ཞིང་འཕྲུལ་གསར་བ་གླས་ནས་སྟོན་བསྡུས་པས། འཕྲུལ་བསྡུ་བྱེད་ཚད95%ཡན་ཟིན་ཡོད་ལ། དེ་དང་ཆབས་ཅིག་ཏུ་མཉམ་ལས་ཁང་གིས་ད་དུང“མཉམ་ལས་ཁང+ཞིང་ཁྱིམ”གྱི་དཔེ་དབྱིབས་བརྒྱུད་དེ་ས་གནས་ཀྱི་དབུལ་ཐར་ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་གཅིག་རྐྱང་ཡིན་པའི་གནད་དོན་ལེགས་བཅོས་བྱས་པས་ཁྱིམ་ཚང36ལ་ཕན་ཐོགས་པ་རེད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
རྔ་བ་རྫོང་གིས་འཕྲུལ་ཆས་ལ་བརྟེན་ཏེ་ནས་ནག་འབྲེག་པ།