དཀར་མཛེས་ཁུལ་དཀར་མཛེས་རྫོང་གི་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཞང་གོ་ཆང་གིས་སྒྲིག་ཁྲིམས་ ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱོད་གཙང་དཀར་མཛེས་ནས་གནས་ཚུལ་སྤེལ་བར་གཞིགས་ན། དཀར་མཛེས་ཁུལ་དཀར་མཛེས་རྫོང་གི་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཞང་གོ་ཆང་ལ་ཚབས་ཆེའི་སྒྲིག་འགལ་ཁྲིམས་འགལ་གྱི་དོགས་གཞི་ཡོད་པས། མིག་སྔར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

ཞང་གོ་ཆང་གི་ལོ་རྒྱུས་མདོར་བསྡུས།

ཞང་གོ་ཆང་། སྐྱེས་པ། བོད་རིགས། 1980ལོའི་ཟླ་5པར་སྐྱེས། སི་ཁྲོན་རོང་བྲག་ནས་ཡིན་པ། སློབ་ཆེན་གྱི་རིག་གནས་ལྡན། 1998ལོའི་ཟླ་7པར་ལས་ཀར་ཞུགས་ཤིང་། 2000ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།

1998ལོའི་ཟླ་7པ་ནས་2002ལོའི་ཟླ་6པའི་བར། དཔལ་ཡུལ་རྫོང་གི་བསྡོམས་རྩིས་ཅུས་སུ་ལས་ཀ་བྱས།
        2002ལོའི་ཟླ་7པ་ནས་2004ལོའི་ཟླ་8པའི་བར། དཀར་མཛེས་རྫོང་སྲིད་གཞུང་གཞུང་ལས་ཁང་གི་དྲུང་ཡིག་བྱས།
        2004ལོའི་ཟླ་8པ་ནས་2005ལོའི་ཟླ་1པོའི་བར། དཀར་མཛེས་རྫོང་ཨུད་གཞུང་ལས་ཁང་གི་ལས་བྱེད་པ་བྱས།
        2005ལོའི་ཟླ་1པོ་ནས་2005ལོའི་ཟླ་6པ་བར་། དཀར་མཛེས་རྫོང་ཨུད་གཞུང་ལས་ཁང་གི་ཀྲུའུ་རེན་ལས་འཛིན་གཞོན་པ་བྱས།
        2005ལོའི་ཟླ་7པ་ནས་2006ལོའི་ཟླ་10པའི་བར། དཀར་མཛེས་རྫོང་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་བྱས།
        2006ལོའི་ཟླ་10པ་ནས་2007ལོའི་ཟླ་12པའི་བར། དཀར་མཛེས་རྫོང་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་(ལས་ཀ་གཙོ་སྐྱོང་བྱས་)བྱས།
        2007ལོའི་ཟླ་12པ་ནས་2009ལོའི་ཟླ་11པའི་བར། དཀར་མཛེས་རྫོང་ཨུད་དང་དཀར་མཛེས་རྫོང་སྲིད་གཞུང་གི་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་གི་ཀྲུའུ་རེན་དང་། ཁོའོ་རིམ་པ་རྒན་པའི་རིགས་པའི་གཞུང་ལུགས་ཀྱི་དགེ་རྒན་བྱས།

2009ལོའི་ཟླ་11པ་ནས་2011ལོའི་ཟླ་8པའི་བར། དཀར་མཛེས་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་། ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་གི་ཀྲུའུ་རེན། ཁོའོ་རིམ་པ་རྒན་པའི་རིགས་པའི་གཞུང་ལུགས་ཀྱི་དགེ་རྒན་བཅས་བྱས།

2011ལོའི་ཟླ་8པ་ནས་2017ལོའི་ཟླ་3པའི་བར། དཀར་མཛེས་རྫོང་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་བྱས།

2017ལོའི་ཟླ་3པ་ནས་2019ལོའི་ཟླ་4པའི་བར། དཀར་མཛེས་རྫོང་ཁོར་ཡུག་དང་ནགས་ལས་ཅུས་ཀྱི་ཅུས་ཀྲང་བྱས།

2019ལོའི་ཟླ་4པ་ནས་ད་བར། དཀར་མཛེས་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་བྱས།

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།