ལོ་སྟོད་དུ་རྔ་བ་ཁུལ་གྱིས་འབྲིང་རིམ་སློབ་གྲྭ་དང་ཆེད་སྦྱོང་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མ2010ལ་ལས་ཞུགས་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དངོས་མིང་ལམ་ལུགས་ཀྱི་རྩིས་ཁྲའི་བསྡོམས་རྩིས་ལ་གཞིགས་ནས་ལྟ་ཞིབ་ཚད་ལེན་བྱས་པར། ལོ་སྟོད་དུ་རྔ་བ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་རང་འགུལ་ངང་གདན་ཞུའི་ལས་ཁུངས(ཁེ་ལས)ལ་ལས་ཞུགས་བརྟན་འཇགས་བྱས་མེད་པའི་འབྲིང་རིམ་སློབ་གྲྭ་དང་ཆེད་སྦྱོང་སློབ་གྲྭའི་མཐར་ཕྱིན་སློབ་མ6353འོས་སྦྱོར་བྱས་པས། དེས་བརྟག་དཔྱད་བསྡོམས་རྩིས་བྱས་པར་ལས་ཞུགས་བརྟན་འཇགས་བྱས་མེད་པའི་འབྲིང་རིམ་སློབ་གྲྭ་དང་ཆེད་སྦྱོང་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མའི93.59%བཟུང་ཡོད་ལ། ཁུལ་རིམ་པའི་འབྲིང་རིམ་སློབ་གྲྭ་དང་ཆེད་སྦྱོང་སློབ་གྲྭའི་མཐར་ཕྱིན་སློབ་མ2010ལ་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་བ་རེད།

ད་ལོ་ནས་བཟུང་། རྔ་བ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་ཁུལ་ནང་ཁུལ་གྱི་ལས་བཟོ་བ་བསྡུ་བའི་ཆ་འཕྲིན་ཕྱོགས་ཡོངས་ནས་འཚོལ་བསྡུ་བྱས་པར། ཀྲེ་ཅང་ཞིང་ཆེན་གྱི་གྲོང་ཁྱེར་སྐོར་ཞིག་དང་། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ། ཁུལ་ནང་ཁུལ་གྱི་ལས་བཟོ་བ་བསྡུ་བའི་ཁེ་ལས། ཡུལ་སྐོར་ཁེ་ལས་གཙོ་བོ་སོགས་ལ་རང་འགུལ་གྱིས་འབྲེལ་བ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་ཐོན་བསྐྱར་འཛུགས་ཀྱི་མི་འཇོན་ཐང་ཅན་མཁོ་བའི་བླང་བྱ་བསྐངས་ཡོད།   ཁུལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭ་དང་ཆེད་སྦྱོང་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་གནས་ཚུལ་ལ་རིགས་དབྱེའི་བསྡོམས་རྩིས་བརྒྱབ་ནས། ལས་ཞུགས་ཀྱི་འདུན་པ་ཡོད་མཁན་དང་ལས་རིགས་གསོ་སྦྱོང་གི་འདུན་པ་ཡོད་པའི་ལས་ཞུགས་མཐར་ཕྱིན་སློབ་མའི་གཞི་གྲངས་དུས་ཐོག་ཏུ་རྫོང(གྲོང་ཁྱེར)ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ལ་བརྡ་ལན་སྤྲོད་རྒྱུ་རེད། མཐར་ཕྱིན་སློབ་མའི་ལས་གནས་འབྲེལ་མཐུད་ཀྱི་ཆེད་དོན་བྱ་འགུལ་སྤེལ་ནས་རང་འགུལ་ངང་ཁུལ་ནང་ཁུལ་དང་ཞིང་ཆེན་ནང་ཁུལ་གྱི་ལས་བཟོ་བ་བསྡུ་བའི་ཁེ་ལས་ལ་གནད་དུ་ཁེལ་བའི་འོས་སྦྱོར་བྱ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།