ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས18ཉིན། གསར་འགོད་པས་རྔ་བ་ཁུལ་ཚན་རྩལ་ཅུའུ་ནས་ཤེས་རྟོགས་བྱུང་བར། 2016ལོའི་ཚུན་ཆུད་དུ་རྔ་བ་ཁུལ་གྱིས་ཞིང་ཆེན་རིམ་པའི་ཚན་རྩལ་དབུལ་སྒྲོལ་མ་དངུལ་སྒོར་ཁྲི5260ཐོབ་པར་བརྩོན་ལེན་བྱས་པ་རེད།
རྔ་བ་ཁུལ་གྱིས་བསྡོམས་རྩིས་བྱས་པར་ཚན་རྩལ་དབུལ་སྒྲོལ་རྣམ་གྲངས127དང་མ་དངུལ་སྒོར་ཁྲི5260ཐོབ་པར་བརྩོན་ལེན་བྱས་པས། ཚན་རྩལ་དབུལ་སྐྱོར་དཔེ་སྟོན་རྟེན་གཞི་28བཙུགས་པ་དང་རིགས་གསར་ཤོས26དཔེ་སྟོན་བྱས་པ་མ་ཟད། ལག་རྩལ་གསར་པ140ཁྱབ་གདལ་བཏང་བ་དང་ལྟེ་བའི་དཔེ་སྟོན་ཁུལ་གྱི་རྒྱ་ཁྱོན་མུའུ4000ལྷག་ཙམ་ཡོད། ཚན་རྩལ་དབུལ་སྒྲོལ་རྣམ་གྲངས་ཀྱིས་དུད་ཚང་དབུལ་པོའི་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར1000ཡན་ལ་འཕར་བར་སྐུལ་ཁྲིད་དང་། དུད་ཚང་དབུལ་པོ2000ལྷག་ཙམ་ལ་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་ཐད་ཀར་སྐུལ་ཁྲིད་བྱས་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
རྔ་བ་ཁུལ་གྱིས་ཞིང་ཆེན་རིམ་པའི་ཚན་རྩལ་དབུལ་སྒྲོལ་མ་དངུལ་སྒོར་ཁྲི5260ཐོབ་པར་བརྩོན་ལེན་བྱས་པ།