སི་ཁྲོན་དཀར་མཛེས་ཀྱི་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་ལི་ཐང་དུ་འགོ་ཚུགས་པ།

1.jpg

 རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་ཐོག་གི་སྐོར་བྲོ་འཁྲབ་སྟོན།

2.jpg

རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་མཛད་སྒོ་ཐོག་གི་རྟ་བ་ཚོ།

108cde4b-83f9-4008-a782-b37004bbc0e2.jpg

རྟ་བས་རྟ་རྩལ་མངོན་བཞིན་པ།

282c99f7-3d27-4062-868b-d17d54aa9d39_batchwm.jpg

ལི་ཐང་གི་མང་ཚོགས་དག་གིས་སྐོར་བྲོ་འཁྲབ་བཞིན་པའི་ཚུལ།

ddda03cf-54d9-493e-bbe2-6f8dfb4eaa71_batchwm.jpg

བྱིས་པ་ཚོས་ལི་ཐང་གི་བོད་ཀྱི་ཟློས་གར་འཁྲབ་བཞིན་པ།

W020200728315791423229.jpg

བྱིས་པ་ཚོས་སྐོར་བྲོ་འཁྲབ་བཞིན་པའི་ཚུལ།

W020200728315791466060.jpg

 བྱིས་པ་ཚོས་འབའ་གཞས་དཀྲོལ་བཞིན་པའི་ཚུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས29ཉིན“དག་གཙང་དཀར་མཛེས་སུ་མཉམ་དུ་འཛོམས་ནས་སྒེར་འཁོར་ཡུལ་སྐོར་ལ་རོལ་མྱོང་བྱེད་པ”བརྗོད་དོན་གཙོ་བོར་བཟུང་བའི2020ལོའི་སི་ཁྲོན་དཀར་མཛེས་ཀྱི་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་དེ་ས་བབ་མཐོ་ཚད་སྨི3800ཡོད་པའི་སི་ཁྲོན་ལི་ཐང་རྫོང་དུ་འགོ་ཚུགས་ཤིང་། སྲིད་གཞུང་དང་། ཡུལ་སྐོར་ལས་རིགས། ལུས་རྩལ་ལས་རིགས། རྩོམ་རིག་ལས་རིགས། ཁེ་ལས་ལས་རིགས་བཅས་ནས་ཡོང་བའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་བོད་རིགས་མང་ཚོགས་ཁྲི4ལྷག་ཙམ“མཁའ་དབྱིངས་ཀྱི་གྲོང་ཁྱེར”ལི་ཐང་དུ་འཛོམས་ནས་སྤྲོ་སྐྱིད་ལྡན་པའི་དུས་ཆེན་ལ་རོལ། ཐེངས་འདིའི་བྱ་འགུལ་ནང་གཙོ་བོ་རྟ་རྒྱུག་འགྲན་བསྡུར་དང་། གླུ་གར། གསར་ཡག་འདེམས་པ། ཕྱི་རོལ་དུ་རྩེད་མོ་རོལ་བ་བཅས་ཚུད། དེའི་ནང་རྟ་རྒྱུག་འགྲན་བསྡུར་ཐེངས་ལྔ་ལ་བཀོད་སྒྲིག་བྱས་པས“ཉིན་རེར་རྟ་མཆོག་བང་རྩལ་འགྲན་པ་དང་། ཉིན་རེར་རྟ་རྒྱུག་འགྲན་བསྡུར”ལ་གཟིགས་ཆོག་པ་ཡིན།  

  ཤེས་རྟོགས་བྱུང་བ་ལྟར་ན། ལི་ཐང་རྫོང་གི་ཚོགས་ར་གཙོ་བོའི་བྱ་འགུལ་ཕུད། ཐེངས་འདིའི་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱ་འགུལ་ཁག15དེ་ད་དུང་ཉག་ཆུ་དང་ཕྱག་ཕྲེང་སོགས་གྲོང་ཁྱེར་དང་རྫོང13 ། དེ་བཞིན་གངས་དཀར་རི་བོའི་དུང་དཀར་ལུང་བ་དང་འདབ་པ་སོགས་ཀྱི་གཙོ་གནད་མཛེས་ལྗོངས་ཁུལ་དུའང་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།