ཟླ6པའི་རྒྱལ་ཡོངས་ས་ཁུལ་རིམ་པའི་རིག་གནས་ཡུལ་སྐོར་གྱི་སྐད་འཕྲིན་དྲིལ་བསྒྲགས་ལས་སྟེགས་ཁྱབ་བསྒྲགས་བྱས་པ།

    ཟླ6པའི་རྒྱལ་ཡོངས་ས་ཁུལ་རིམ་པའི་རིག་གནས་ཡུལ་སྐོར་གྱི་སྐད་འཕྲིན་དྲིལ་བསྒྲགས་ལས་སྟེགས་ཁྱབ་བསྒྲགས་བྱས།
    “དཀར་མཛེས་ཡུལ་སྐོར”མདུན་གྲལ་བཅུའི་ནང་ཚུད་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་སྔོན་རིག་གནས་ཡུལ་སྐོར་ཐོན་ལས་སྟོན་གྲངས་ཚོད་ལྟ་ཁང་གིས2020ལོའི་ཟླ6པའི་རྒྱལ་ཡོངས་ས་ཁུལ་རིམ་པའི་རིག་གནས་ཡུལ་སྐོར་གྱི་སྨྱན་སྦྱོར་གསར་པའི་བརྒྱུད་སྤེལ་ནུས་པའི་སྟོན་གྲངས་ཀྱི་མདུན་གྲལ་བཅུ་ཁྱབ་བསྒྲགས་བྱས་པ་རེད། 2020ལོའི་ཟླ6པའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་གི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་སྐད་འཕྲིན་སྤྱི་སྟེགས་བརྒྱུད་སྤེལ་ནུས་པའི་སྟོན་གྲངས་ཀྱི་ཕྱོགས་བསྡུས་སྐར་གྲངས་དཔྱད་བསྡུར་བྱས་པའི་གནས་ཚུལ་གཞིགས་ན། དཀར་མཛེས་ཁུལ་རིག་གནས་རླུང་འཕྲིན་ཡུལ་སྐོར་ཅུའུ་ཁོངས་གཏོགས་ཀྱི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས“དཀར་མཛེས་ཡུལ་སྐོར”ཨང9པ་ཡིན་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། རིག་གནས་ཡུལ་སྐོར་གྱི་སྨྱན་སྦྱོར་གསར་པའི་བརྒྱུད་སྤེལ་ནུས་པའི་སྟོན་གྲངས་ཞིབ་འཇུག་དེ་ཀྲུང་གོ་ཡུལ་སྐོར་ཚགས་པར་ཁང་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཀྲུང་གོའི་གླེང་ཕྱོགས་བརྟག་དཔྱད་ཚོད་ལྟ་ཁང་། ཨ་ལིས་པཱ་པཱ་སྡེ་ཚོགས་བཅས་ཀྱིས་ཐུན་མོང་ཐོག་རྩ་འཛུགས་བྱས་པའི་རིག་གནས་ཡུལ་སྐོར་ཐོན་ལས་སྟོན་གྲངས་ཚོད་ལྟ་ཁང་གིས་གཙོ་ཁྲིད་བྱས་པ་དང་། ཆིང་པོ་གཞི་གྲངས་ཆེན་པོ་དང་། འཁྱུག་དབྱངས། དྲི་ཤོག་དྲ་བ་སོགས་སྨྱན་སྦྱོར་གསར་པ་དང་གཞི་གྲངས་ཆེན་མོའི་མནའ་འབྲེལ་ཁོངས་མིའི་སྒྲིག་གཞི་དང་མཉམ་དུ་ལག་བསྟར་བྱས་པ་རེད། ཐེངས་འདིའི(2020ལོའི་ཟླ6པར)རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་རིག་གནས་ཡུལ་སྐོར་གྱི་སྐད་འཕྲིན་སྤྱི་སྟེགས་བརྒྱུད་སྤེལ་ནུས་པའི་སྟོན་གྲངས་དཔྱད་བསྡུར་དང་། སྤྱི་ཡོངས་ཀྱི་ཁྱབ་སྤེལ་ནུས་པ། ལེ་ཚན་ཚང་མའི་ཁྱབ་སྤེལ་ནུས་པ། འགོ་ཚན་གྱི་ཁྱབ་སྤེལ་ནུས་པ། རྩེ་གྲངས་ཁྱབ་སྤེལ་ནུས་པ་བཅས་ཕྱོགས4ཡི་ཐད་ནས་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་སྐར་མ་བརྒྱབ། ཕྱོགས་སོ་སོའི་སྐར་མས་ཟིན་པའི་བསྡུར་ཚད་ནི་སོ་སོར30%དང་། 30%དང་།30%10%བཅས་ཡིན།

ཁུལ་རིག་གནས་ཡུལ་སྐོར་ཅུའུ་ཐོན་ལས་ཁའོ་ཡི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཅུའུ་འདིའི“དཀར་མཛེས་ཡུལ་སྐོར”གྱི་སྐད་འཕྲིན་སྤྱི་སྟེགས་འདིས་གཙོ་བོ་དྲ་ཐོག་ནས་དཀར་མཛེས་ཀྱི་ཡུལ་སྐོར་ཐོན་ཁུངས་ཁྱབ་གདལ་གཏོང་ཆེད་ཡིན་པ་རེད། ཁུལ་ནང་ཁུལ་གྱི་ཡུལ་སྐོར་ཐོན་རྫས་དང་ཡུལ་སྐོར་བྱ་འགུལ་དྲིལ་སྒྲོག་བྱས། སྐད་འཕྲིན་སྤྱི་སྟེགས་འདིས་དཀར་མཛེས་ཀྱི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་འོས་སྦྱོར་རྩོམ་ཡིག་དུས་བཀག་ལྟར་ཁྱབ་གདལ་བཏང་བ་མ་ཟད། ད་དུང་སྤུས་ལེགས་ཡུལ་སྐོར་ལམ་ཐིག་འོས་སྦྱོར་ལེ་ཚན་དང་དཀར་མཛེས་རིག་གནས་ཡུལ་སྐོར་ཉམས་ལེན་ཁང་བཙུགས་ནས། འཛད་སྤྱོད་མཁན་ལ་སྣ་མང་རིག་གནས་ཡུལ་སྐོར་གྱི་ཞབས་ཞུའི་ཆ་འཕྲིན་ནས་ཟུར་ཚད་མང་པོའི་ཐོག་ནས་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་མཛེས་སྡུག་ལྡན་པ་ཤེས་རྟོགས་བྱེད་དུ་བཅུག་པ་དང་། དེ་དང་ཆབས་ཅིག་སྐད་འཕྲིན་སྤྱི་སྟེགས་འདིས་ཡུལ་སྐོར་བློ་འདྲི་དང་ལེན་བྱེད་ཐུབ་པས། མིག་སྔར་སྐད་འཕྲིན་སྤྱི་སྟེགས་འདི་ཉིད་དཀར་མཛེས་ཀྱི་ཡུལ་སྐོར་དྲིལ་བསྒྲགས་དང་དཀར་མཛེས་ཀྱི་ཡུལ་སྐོར་ཞབས་ཞུའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པའི་སྐར་ཁུང་ལྟ་བུ་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།