མཛོད་དགེ་རྫོང་ལ་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས(ཞོ)རྟེན་གཞིའི་མཚན་སྙན་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐེངས་འདིའི་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞིའི་དཔྱད་བསྡུར་གཏན་འབེབས་ནི་ཀྲུང་གོའི་ལྗང་མདོག་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱིས《ཀྲུང་གོའི་ལྗང་མདོག་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱི་དབུལ་ཕོངས་ས་ཁུལ་ནས་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་འཛུགས་སྐྲུན་ལ་རོགས་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》འབྲེལ་ཡོད་བླང་བྱ་ལྟར། འབྲེལ་ཡོད་ཞིང་ཆེན་རིམ་པའི་ལྷད་མེད་ཟས་རིགས་སྒྲིག་གཞིའི་ལས་ཁུངས་ཀྱིས་འོས་སྦྱོར་དང་། ཀྲུང་གོའི་ལྗང་མདོག་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱིས་ཞིབ་བཤེར་ཆོག་མཆན་གནང་བས། མཐར་རང་ཁུལ་གྱི་མཛོད་དགེ་རྫོང་ཚུད་པའི་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི9གཏན་འཁེལ་བྱས་པར་མ་ཟད། ད་དུང་དཔང་ཡིག་ཀྱང་སྤྲད་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། མཛོད་དགེ་རྫོང་གི་རྒྱལ་ཡོངས་སྐྱེ་ལྡན་ཞིང་ལས་ཐོན་རྫས(ཞོ)རྟེན་གཞི་ནི་མཛོད་དགེ་རྫོང་མི་དམངས་སྲིད་གཞུང་གིས་བཙུགས་དང་། རྟེན་གཞིའི་གཞི་ཁྱོན་ལ་མུའུ1672000ཟིན་ཡོད། རྟེན་གཞིའི་ཁེ་ལས་ལ་སྦྲེལ་མཐུད་ནས་མཛོད་དགེའི་མཐོ་སྒང་ནོར་གནག་འོ་མ་ལས་སྣོན་ཚད་ཡོད་འགན་འཁྲི་ཀུང་སི་ཟེར།

མིག་སྔར། ཀྲུང་གོའི་ལྗང་མདོག་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་ཁག་གསུམ་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པར། རང་ཁུལ་གྱི་མཛོད་དགེ་རྫོང་ལ་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་རྫས(ཞོ)རྟེན་གཞིའི་མཚན་སྙན་ཐོབ་ཡོད་པས། ཐེངས་འདིར་སི་ཁྲོན་ཞིང་ཆེན་གྱི་ཆོག་མཆན་ཐོབ་པའི་རྟེན་གཞི་གཅིག་པུ་ཡིན་ནོ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།