རོང་བྲག་རྫོང་ཁྲིམས་ཁང་གིས་གནོད་སྐྱོན་ཐེབས་ཁུལ་དུ་ཁྲིམས་སྐྱོང་སྒྲོག་འགྲེལ་བྱས།

རོང་བྲག་རྫོང་ཁྲིམས་ཁང་གིས་གནོད་སྐྱོན་ཐེབས་ཁུལ་དུ་ཁྲིམས་སྐྱོང་སྒྲོག་འགྲེལ་བྱས།

ཁྲིམས་དཔོན་གྱིས་མང་ཚོགས་ཀྱི་བཅའ་ཁྲིམས་རེ་ཞུ་ལ་རྒྱུས་ལོན་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས16ཉིན།རོང་བྲག་རྫོང་དུ་རི་ཉིལ་ནས་འདམ་རྡོའི་ཆུ་རུད་ཀྱི་གནོད་སྐྱོན་བྱུང་རྗེས། རྫོང་དེའི་ཁྲིམས་ཁང་གིས་གནོད་སེལ་ལས་དོན་ཚོགས་ཆུང་མངགས་གཏོང་བྱས་ནས་གཅིག་བསྡུས་བཀོད་སྒྲིག་བྱ་ཡུལ་གྱི་མི་སེར་ལ་གླ་ཆ་མེད་པ་དང་། ལག་ཁྱེར་བོར་བརླག་བྱུང་བ། འགན་བཅོལ་དང་འབྲེལ་བ་ཡོད་པ་སོགས་ཀྱི་བཅའ་ཁྲིམས་གནད་དོན་ཐད་རྒྱུས་ལོན་བྱས་ཡོད། དེ་ཡང་ཁྲིམས་ཁང་དང་གྱོད་དོན་ཐོ་འགོད་ཁྲིམས་རའི་ཉེན་རྟོག་ལས་བྱེད་པས་སྒོ་ལུང་གྲོང་རྡལ་སྐར་ལྔའི་གྲོང་སྡེར་བསྐྱོད་དེ་བཅའ་ཁྲིམས་གྲོས་འདྲི་དང་དམངས་བདེའི་གྱོད་དོན་ཐོ་འགོད་ཀྱི་ཁྲིམས་སྐྱོང་སྒྲོག་འགྲེལ་བྱས་ཏེ་བཅའ་ཁྲིམས་ཞབས་ཞུ་མི་སེར་གྱི་སྒོ་འགྲམ་དུ་སྤེལ་བ་རེད།

གཅིག་བསྡུས་བཀོད་སྒྲིག་བྱ་ཡུལ་དུ་ཁྲིམས་ཁང་དེའི་ཉེན་རྟོག་ལས་བྱེད་པས་འགལ་ཟླ་རྩོད་གཞིར་གྲལ་བཤེར་ཞིབ་ཚགས་དང་གསེད་བཀྲོལ་བྱས་པས་མ་ཚད་གནས་ཚུལ་ཐོ་འགོད་བྱས་ཡོད། ད་དུང་མང་ཚོགས་ལ་དྲྭ་ཐོག་གྱོད་དོན་ཐོ་འགོད་ཟེར་བ་དང་། ས་ཁོངས་བརྒལ་ནས་གྱོད་དོན་ཐོ་འགོད་ཅེས་པ་དེ་གང་ཡིན་པ་འགྲེལ་བཤད་ཞིབ་ཕྲ་བྱས། ཉེན་རྟོག་ལས་བྱེད་པས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པར་བརྒྱུད། མང་ཚོགས་ཀྱིས་ས་ཁོངས་བརྒལ་བའི་གྱོད་ཐོ་འགོད་བྱ་རྒྱུ་དང་དྲྭ་ཐོག་གྱོད་དོན་ཐོ་འགོད་བྱ་རྒྱུར་སྔར་བས་རྒྱུས་ལོན་བྱུང་ཡོད། ཁྲིམས་ཁང་དེའི་ཉེན་རྟོག་ལས་བྱེད་པས་མང་ཚོགས་ལ་གཉེན་སྒྲིག་ཁྱིམ་ཚང་དང་དམངས་ཁྲོད་ཀྱི་དངུལ་བུན། ཁྱིམ་མཚེས་བར་གྱི་རྩོད་གཞི་སོགས་ཀྱི་ཐད་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱས་པ་རེད།

ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོར་འགལ་བ་དང་རྩོད་གཞི5གྲལ་བཤེར་བྱས་ཡོད་ཅིང་། བཅའ་ཁྲིམས་གྲོས་འདྲི་ཐེངས15ལ་ལན་འདེབས་པ་དང་། ཁྲིམས་ཁང་གིས་ས་ཁོངས་བརྒལ་ནས་གྱོད་གཞི2ཐོ་འགོད་བྱས་ཡོད།སླད་ཕྱིན་རོང་བྲག་རྫོང་ཁྲིམས་ཁང་གིས་གསོ་སྦྱོང་ལས་གྲྭའི་ཁྲིམས་འཛིན་བྱ་སྤྱོད་དང་སྔར་བས་ཟུང་འབྲེལ་བྱས་ནས་ཡུལ་གྲོང་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས་ཁྲིམས་ལ་བརྩི་བཀུར་དང་ཁྲིམས་ལུགས་ཡག་པོར་སྤྱོད་པ། ཁྲིམས་ལྟར་ལས་དོན་སྒྲུབ་པ།དོན་དག་བྱུང་ཚེ་བཅའ་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་དུས་བཅའ་ཁྲིམས་སྤྱོད་པ། འགལ་བ་སེལ་སྐབས་བཅའ་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་གི་གོ་རིམ་བཟང་པོ་ཞིག་ཆགས་པར་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།