ཁྱུང་མཆུ་རྫོང་གིས་ཕྱི་ཕྱོགས་ཚོང་འགུགས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་ཁྱུང་མཆུ་རྫོང་གིས《ཁྱུང་མཆུ་རྫོང་གིས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་ཁ་གཏད་རོགས་སྐྱོར་ཐོན་ལས་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་འགའ་ཞིག》བཏོན་ནས《ཁྱུང་མཆུ་རྫོང་གི་ཚོང་འགུགས་མ་འདྲེན་ལག་དེབ》ལེགས་སྒྲིག་བྱས་པ་རེད། ཕྱི་ཕྱོགས་ལ་ཚོང་འགུགས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། ཅུན་ལན་མགྲོན་ཁང་དང་ཏ་ཡང་དབྱང་འབྲོག་ལས་ཚད་ཡོད་ཀུང་སི་སོགས་ཁེ་ལས8ནང་འདྲེན་བྱས་ཏེ་ས་གནས་དེ་གའི་མི་འབོར་དབུལ་པོ155ལས་ཞུགས་ཐུབ་པ་བྱས་ནས། དབུལ་པོའི་མི་འབོར1205ལ་ཁར་ཕན་བསྐྲུན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ཁྱུང་མཆུ་རྫོང་གིས་ཞིང་འབྲོག་ཐོན་རྫས་ཀྱི་ཆེད་སྒྲོམ་བཙུགས་པ་དང་ཐོན་ལས་ཕྱིར་འཚོང་འབྲེལ་བ8བཙུགས། འཛད་སྤྱོད་དབུལ་སྐྱོར་ལ་བརྟེན་ནས་ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་བྱས་པར་རིན་ཐང་སྒོར་ཁྲི1738ལ་སླེབས་ཤིང་། “ཁེ་ལས་སྟོང་དང་དུད་ཚང་སྟོང་། གནད་འཁེལ་དབུལ་སྐྱོར”གྱི་རྣམ་གྲངས་གསར་གཏོད་བྱེད་འགོ་བཙུགས་ཡོད། ཐོན་སྐྱེད་ལས་གཉེར་བྱེད་འགོ་བཙུགས་ནས་མཉམ་ལས་སྤྱི་ཁྱབ་ཁང་གཙོ་བོར་བྱས་པའི་ཤར་ནུབ་རྒྱུད་ཀྱི་རོགས་ལས་ཀྱི“འབྲི་གཡག་ཐོན་ལས་དབུལ་སྐྱོར་འཁོར་ཁང”བཙུགས་པ་དེས་རྫོང་ཡོངས་ཀྱི་དུད་ཚང1354ཡི་ཡིག་ཚིགས་བྱང་བུ་ཅན་གྱི་མི་འབོར་དབུལ་པོ5157ལ་མི་རེར་ཆ་སྙོམས་ཡོང་འབབ་་སྒོར190ཡི་ཕན་འབྲས་ཐོབ་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།