སི་ཁྲོན་ཞིང་ཆེན་གྱི“ཆུས་གསུམ་ཁུལ་གསུམ”གྱི་ཞིང་དྲ་སྒྱུར་བཀོད་མཇུག་སྒྲིལ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཉེ་ཆར་གསར་འགོད་པས་སི་ཁྲོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་ནུས་ཁུངས་ཅུའུ་ཡིས་མཉམ་འབྲེལ་ངང་གཉེར་བའི་སི་ཁྲོན་ཞིང་ཆེན་གྱི“ཆུས་གསུམ་ཁུལ་གསུམ”གྱི་ཞིང་དྲ་སྒྱུར་བཀོད་རིམ་སྤོར་གྱི་ལོ་གསུམ་གྱི་འགུལ་སྤྱོད་འཆར་གཞིའི་ལས་དོན་མཇུག་སྒྲིལ་བའི་ཡོངས་བསྒྲགས་ཚོགས་འདུ་ལས་ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་གྱི“ཆུས་གསུམ་ཁུལ་གསུམ”གྱི་ཞིང་དྲ་སྒྱུར་བཀོད་རིམ་སྤོར་གྱི་ལོ་གསུམ་འགུལ་སྤྱོད་འཆར་གཞི་ཕྱོགས་ཡོངས་ནས་མཇུག་སྒྲིལ་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར68.3བཏང་ནས་སྲིད་འཛིན་གྲོང་ཚོ2415གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་ཐུབ་པ་བྱུང་།

“ཆུས་གསུམ་ཁུལ་གསུམ”ནི་རྒྱལ་ཁབ་རིམ་པའི་ཤིན་ཏུ་དབུལ་བའི་ས་ཁུལ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུ་དང་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ཐད་ཀྱི་གནད་འགག་ཡིན་ལ། སི་ཁྲོན་ཞིང་ཆེན(དཀར་མཛེས། རྔ་བ། )དང་དབྱིས་རིགས་ས་ཁུལ(ལེང་ཧྲན)བཅས་ཁྱབ་ཁོངས་ནང་གཏོགས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། སི་ཁྲོན་ཞིང་ཆེན་གྱི“ཆུས་གསུམ་ཁུལ་གསུམ”གྱི་ཞིང་དྲ་སྒྱུར་བཀོད་རིམ་སྤོར་གྱི་ལོ་གསུམ་འགུལ་སྤྱོད་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར68.3བཏང་བ་དེས་ཀྲུང་དབྱང་གི་སྔོན་རྩིས་ནང་སི་ཁྲོན་ཞིང་དྲ་འཛུགས་སྐྲུན་ཐད་བཏང་བའི་མ་འཇོག་གཞི་ཁྱོན་གྱི80%ཡན་ཟིན་ཞིང་། རྒྱལ་ཁབ་ཀྱིས་བཙུགས་པའི་འཆར་གཞི་ལས་སྒོར་དུང་ཕྱུར1.51འཕར་ཡོད། སྲིད་འཛིན་གྲོང་ཚོ2415ཞིང་དྲ་རིམ་སྤོར་སྒྱུར་བཀོད་བྱས་པས་རྒྱལ་ཁབ་ཀྱི་འཆར་གཞི་ལས་སྲིད་འཛིན་གྲོང་ཚོ200མང་དུ་ཕྱིན་ཞེས་བསྟན།

  མིག་སྔར། ལེང་ཧྲན་དང་། དཀར་མཛེས། རྔ་བ་བཅས་སུ་གློག་མཁོ་འདོན་ཁྱོན་ཡོངས་ལ་ཁྱབ་ནས་ཁུལ་གསུམ་གྱི་གྲོང་གསེབ་ཏུ་གློག་མཁོ་འདོན་བྱེད་ཚད99.82%དང་། གློག་གནོན་ལོན་ཚད་99.629% ། ཁྱིམ་ཚང་རེར་ཆ་སྙོམས་གློག་སྡེབ་སྒྱུར་ཤོང་ཚད་ཆན་ཧྥུའུ་ཨན2.15བར་བཅས་སུ་སླེབས་པས། རྒྱལ་ཁབ་ཀྱི་གྲོང་གསེབ་གློག་དྲའི་གློག་འདོན་ཚད་གཞིར་སླེབས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།