ལི་ཐང་རྫོང་གི་ཞིང་འབྲོག་ཁུལ་གྱི་སློབ་མ་ལ་བྱམས་སེམས་གྱོན་ཆས་ཐོབ་པ།

2bbb58b0-7934-4aac-9617-f2a3aaf22078.jpg

སློབ་མ་ཞིག་གིས་གྱོན་པ་གསར་བ་ཚོད་ལྟ་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས8ཉིན། གུང་གཞོན་ཚོགས་པ་ལི་ཐང་རྫོང་ཨུའི“བྱམས་སེམས་སློབ་རོགས”ཀྱི་བྱ་སྤུའི་གྱོན་པ་དང་དཔེ་ཁུག་སོགས་ཀྱི་དངོས་ཟོག་མཐའ་མ་སྤྲད་ཟིན་པ་དང་བསྟུན་ནས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གི་ཞིང་འབྲོག་ཁུལ་གྱི་སློབ་མ་ཁྲི1.7ཚང་མའི་ལག་ཏུ་བྱམས་སེམས་གྱོན་ཆས་ཐོབ་པ་མཚོན།

 “ལེགས་སྐྱེས་འབུལ་བ་དང་། མཛའ་བརྩེ། རོགས་རེས། ཡར་ཐོན”བཅས་ཀྱི་དང་བླངས་སྙིང་སྟོབས་དར་སྤེལ་བཏང་ནས། ལི་ཐང་བྱིས་པའི་ལུས་སེམས་བདེ་ཐང་ལ་སེམས་ཁུར་བྱེད་ཆེད། ཟླ4པའི་ཟླ་དཀྱིལ་དུ་སློབ་གྲྭ་སོ་སོ་གཅིག་རྗེས་གཉིས་མཐུད་ངང་སློབ་འགོ་ཚུགས་པ་དང་བསྟུན་གུང་གཞོན་ཚོགས་པ་ལི་ཐང་རྫོང་ཨུ་ཤང་གྲོང་སློབ་ཆུང24ལ་བསྐྱོད་དེ་ཐབས་ལམ་སྣ་ཚོགས་བརྒྱུད་བསྡུ་རུབ་བྱས་པའི་བྱམས་སེམས་གྱོན་ཆས་སློབ་མའི་ལག་ཏུ་སྤྲད་པ་རེད།

 དང་བླངས་ཞབས་ཞུའི་རུ་ཁག་སློབ་གྲྭ་ཞིག་ཏུ་སླེབས་ཚེ་ཁྱིམ་ཚང་དཀའ་ངལ་ལྡན་པའི་སློབ་མའི་ཉེ་དུས་ཀྱི་འཚོ་བ་དང་སློབ་སྦྱོང་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་པ་དང་། བྱམས་སེམས་གྱོན་ཆས་ཐོབ་པའི་བྱིས་པ་ཚོའི་གདོང་དུའང་འཛུམ་མདངས་ཤར་ཏེ་ཚང་མས་དཔེ་ཁུག་གསར་བ་ཁུར་ནས་གྱོན་པ་གསར་བ་ཚོད་ལྟ་བྱས་པ་རེད།

“2020ལོར་གུང་གཞོན་ཚོགས་པ་ལི་ཐང་རྫོང་ཨུས་རྫོང་ཡོངས་ཀྱི་ཤང་གྲོང་ལྟེ་བའི་སློབ་གྲྭ24ཡི་སློབ་མ17113ལ‘བྱམས་སེམས་གྱོན་ཆས’ཡོངས་སུ་ཁྱབ་པའི་དམིགས་ཚད་མངོན་འགྱུར་བྱུང་ནས། གུང་གཞོན་ཚོགས་པས་དང་བླངས་གཞོན་ནུ་སྣེ་ཁྲིད་བྱས་ཏེ་ལོ་ཆུང་བྱིས་པར་ཐུགས་ཁུར་བྱེད་པའི་ནུས་པ་ཏན་ཏིག་ཐོན་པ་རེད”ཅེས་གོང་གཞོན་ཚོགས་པའི་རྫོང་ཨུའི་ཧྲུའུ་ཅི་ཚེ་རིང་བསོད་ནམས་ཀྱིས་དེ་ལྟར་བཤད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།