རྔ་བ་མཐོ་སྒང་གི་མི་རིགས་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་གསར་བ་རྒྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་ཆགས་ཡོད་ཅིང་། དེ་རུ་བོད་རིགས་དང་། ཆའང་རིགས། ཧའེ་རིགས། རྒྱ་རིགས་སོགས་མི་རིགས་མང་པོའི་མི་འབོར་ཁྲི་བརྒྱ་ཙམ་འཚོ་གནས་བྱེད་བཞིན་ཡོད། ཉེ་བའི་ལོ་འགའི་རིང་། ནང་དོན་ཟབ་ལ་རིག་གནས་སྣ་མང་ཅན་གྱི་རྔ་བ་ཁུལ་གྱིས་མི་རིགས་གཞས་མ་གཏམ་དང་། ཞབས་བྲོ། ཡིག་གཟུགས་སོགས་ཁྱད་ལྡན་སློབ་ཚན་སློབ་གྲྭར་བསྐྱོད་པའི་བྱ་འགུལ་སྤེལ་བ་དེས་སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པའི་ནུས་པའང་ཐོན་ཡོད། དེ་དང་དུས་མཚུངས་སུ། ས་གནས་དེས“ཁྲིད་སྦྱོང་ཁང+ཞིང་ཁྱིམ”སོགས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བྱས་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་གྱི་ལྟ་སྦྱོང་ལས་སྟེགས་སྣ་ཚོགས་བསྐྲུན་པ་བརྒྱུད། ས་གནས་དེའི་མང་ཚོགས་ལ་འབྲེལ་ཡོད་ཀྱི་ལག་རྩལ་ཁོང་དུ་ཆུད་པའི་གསོ་སྦྱོང་བྱས་པ་དང་འབྲེལ་ཁོང་ཚོར་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བརྩམས་ཆོས་དང་རིག་གནས་གསར་གཏོད་ཀྱི་ཐོན་རྫས་ཁྲོད་ནས་ཡོང་སྒོ་བསྐྲུན་པ་རེད། 2018ལོར་རྔ་བ་ཁུལ་གྱི་རིག་གནས་དང་འབྲེལ་ཡོད་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར12.23ལ་སླེབས་པ་དང་། དེསGDPཡི་བསྡུར་ཚད་ཀྱི3.32%ཟིན་ཡོད་པ་རེད།

1594172082695828.jpg

སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མའོ་རྫོང་དུ། ས་གནས་དེའི་སྡེ་མི་རྣམས་ཀྲུང་གོའི་གནའ་བོའི་ཆའང་གྲོང་གི་མཁར་སྟོན་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་ཁྲོད་ཞུགས་ཡོད་པ་རེད། ཀྲུང་གོའི་གནའ་བོའི་ཆའང་གྲོང་ལྗོངས་རྒྱུ་ཁུལ་དུ་ཆའང་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་། སྤྲོ་གསེང་རོལ་མྱོང་། ཚན་རྩལ་ཁྱབ་གདལ་བཅས་གཅིག་ཏུ་བསྡུས་ཏེ། ཁྱིམ་ཚང་དབུལ་བོ་དང་མ་མཐའི་འཚོ་བའི་འགན་སྲུང་ཁྱིང་ཚང་སོགས་ཀྱི་མང་ཚོགས400ལྷག་བསྡུ་ལེན་བྱས་ཏེ་ལྗོངས་རྒྱུ་ཁུལ་དུ་ལས་ཞུགས་བྱས་ཡོད་ལ། མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི2ལྷག་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།