​རྨ་ཆུའི་སྟོད་རྒྱུད་ཀྱི་ཞིང་ཆེན་གསུམ་གྱིས་ལྟག་ཆུ་བསྐྱིལ་གསོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ཁུལ་གསུམ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ཚེས6ཉིན་རྔ་བ་ཁུལ་མཛོད་དགེ་རྫོང་དུ་རྨ་ཆུའི་སྟོད་རྒྱུད་ཀྱི་སི་ཁྲོན་ཀན་སུའུ་མཚོ་སྔོན་བཅས་ཀྱིས་ལྟག་ཆུ་བསྐྱིལ་གསོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད།

རྨ་ཆུའི་ཆུ་འགོ་ནི་མཚོ་སྔོན་ཞིང་ཆེན་གྱི་ཁྲ་ལ་རི་བོའི་བྱང་འདབས་སུ་ཡོད་པ་དང་། རྨ་ཆུའི་སྟོད་རྒྱུད་དུ་མཚོ་སྔོན་མགོ་ལོག་ཁུལ་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་བཅས་ཆགས་ཡོད། རྒྱུག་ཁུལ་ཚང་མ་རྨ་ཆུའི་སྟོད་རྒྱུད་ཀྱི་ལྟག་ཆུ་བསྐྱིལ་གསོག་ཁུལ་དང་། གསབ་སྤྲོད་ཁུལ། རྒྱལ་ཁབ་ཀྱི་བརླན་ས་གཙོ་བོའི་སྐྱེ་ཁམས་བྱེད་ནུས་ཁུལ་དང་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་བཅས་ཡིན།

མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལྟར་ན། ཞིང་ཆེན་གསུམ་གྱི་ཁྲིམས་འཛིན་ལས་ཁུངས་ཀྱིས་ནང་ཁུལ་མཉམ་འགུལ་དང་། ཕྱི་ཕྱོགས་མཉམ་ལས། ཞིང་ཆེན་ལས་བརྒལ་བ་དང་ས་ཁོངས་ལས་བརྒལ་བའི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་མཉམ་ལས་ལམ་སྲོལ་བཙུགས་ཏེ། ཐུན་མོང་ཐོག་སྐྱེ་ཁམས་བདེ་འཇགས་འགན་སྲུང་ཁྲོད་ཀྱི་ས་ཁོངས་ཁ་ཕྲལ་དང་འབབ་རྒྱུད་ཀྱི་སྤྱི་ཡོངས་རང་བཞིན་དང་། སྡེ་ཁག་ཁག་བགོས་བཅོས་སྐྱོང་དང་སྐྱེ་ཁམས་མ་ལག་རང་བཞིན་བར་གྱི་འགལ་བ་སེལ་རྒྱུ་དང་། ཐུན་མོང་ཐོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཞིབ་ཕྲའི་གནད་དོན་ལ་ཁ་གཏད་འཇལ་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཁྲིམས་འཛིན་གྱི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་རེད། གཞི་སྒྲོམ་མཉམ་ལས་འོག མཉམ་འབྲེལ་གྲོས་ཚོགས་དང་། ཆ་འཕྲིན་བརྡ་ཁྱབ་མཉམ་སྤྱོད། སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཆེ་གྲས་ས་ཁོངས་ལས་བརྒལ་བའི་གྲོས་མོལ། སྐྱེ་ཁམས་སླར་གསོ་མཐུན་སྦྱོར་སོགས་ལམ་སྲོལ་བཅུ་བཙུགས་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་སི་ཁྲོན་ཀན་སུའུ་མཚོ་སྔོན་བཅས་ཀྱི་ལྟག་ཆུ་བསྐྱིལ་གསོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་མཉམ་ལས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།