བྱ་འགུལ་ཡུལ་དངོས།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་གནང་གཏོང་ལ་ཉེ་སྐབས་ལོ་ཆུང་བྱིས་པའི་ཁྲིམས་སྐྱོང་འདུ་ཤེས་སྔར་ལས་གཏིང་ཇེ་ཟབ་དང་ལོ་ཆུང་བྱིས་པ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཕན་པའི་འཆམ་མཐུན་གྱི་རྣམ་པ་ཞིག་སྐྲུན་ཆེད། ཟླ7པའི་ཚེས5ནསཚེས6ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་སྤྱི་བདེ་ཅུའུ་ས་སྟོད་མངགས་གཏོང་ཁང་དང་དེའི་ཁོངས་གཏོགས་ཀྱི་མི་དམངས་ཉེན་རྟོག་པ་སྔ་རྗེས་སུ་ས་སྟོད་དང་ཡུལ་སྟོད་ཤང་སློབ་ཆུང་དུ་སོང་ནས“ཁྲིམས་སྐྱོང་སློབ་རར་བསྐྱོད་པ་དང་། བདེ་འཇགས་སེམས་སུ་འཇགས་པ”ཅེས་པའི་ཁྲིམས་ལུགས་ཁྱབ་གདལ་སློབ་གསོའི་བྱ་འགུལ་སྤེལ་བ་རེད།
བྱ་འགུལ་ནང་འགྲིམ་འགྲུལ་བདེ་འཇགས་དང་། ནགས་ཚལ་མེ་འགོག ཆུར་བྱིང་སྔོན་འགོག་སོགས་ཕྱི་རོལ་དུ་རྩེད་མོ་རོལ་དུས་ཀྱི་བདེ་འཇགས་སློབ་གསོའི་ཤེས་བྱ་གཙོ་བོར་བཟུང་ནས་འགྲིམ་འགྲུལ་དོན་རྐྱེན་དང་། དུག་འགོག་སོགས་ཀྱི་དཔེ་མཚོན་གྱོད་དཔེ་ཟུང་འབྲེལ་བཅས་པར་རིས་དང་ཡི་གེ་མཉམ་བཀོད་ཀྱི་ཚོན་མདང་ཅན་གྱི་འགེལ་རིས་དང་། དྲིལ་བསྒྲགས་ལག་དེབ། ཡུལ་དངོས་སུ་དཔེ་སྟོན་སོགས་ལོ་ཆུང་བྱིས་པས་དང་ལེན་བྱེད་སླ་བའི་ཐབས་ལམ་སྤྱད་དེ་ལོ་ཆུང་བྱིས་པ་ཚོ་དང་འབྲེལ་བ་དམ་པོ་ལྡན་པའི་བདེ་འཇགས་དོན་རྐྱེན་ལ་འགྲེལ་བཤད་དང་དབྱེ་ཞིབ་བྱས་པ་མ་ཟད། རྒྱ་ཆེའི་སློབ་མའི་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་བཏང་ཞིང་། རང་ཉིད་ཀྱི་ཉེན་ཟོན་ནུས་པ་ཇེ་མཐོར་གཏོང་བར་སློབ་གསོ་དང་ཁྲིད་སྟོན་གྱིས“སྒྲིག་བརྩི་ཁྲིམས་སྲུང་དང་ཚེ་སྲོག་བླ་བཀུར”དོན་འཁྱོལ་ཏན་ཏིག་བྱས། དེ་དང་ཆབས་ཅིག་ཏུ་དྲིལ་བསྒྲགས་སློབ་གསོའི་བྱ་འགུལ་ཁྱིམ་ཚང་དུ་བསྐྱོད་དེ་ཐུན་མོང་གི་ངོས་འཛིན་ཆགས་པའི་ཕྱིར། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ད་དུང“ལག་པས་ལག་པ་སྦྲེལ་ནས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་མཉམ་སྐྲུན”ཞེས་པའི་རྣམ་པ་སྤྱད་དེ་སློབ་གྲྭའི་དགེ་སློབ་ཀྱིས་བྱ་འགུལ་ནང་དོན་སློབ་མའི་ཁྱིམ་ཚང་དུ་བསྐྱལ་བ་དང་། དྲིལ་བསྒྲགས་སློབ་གསོའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་དྲིལ་བསྒྲགས་སློབ་གསོའི་ཕན་འབྲས་སྲ་བརྟན་དུ་བཏང་ཡོད། །
བྱ་འགུལ་ཡུལ་དངོས།
བྱ་འགུལ་ཡུལ་དངོས།
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
ཉག་རོང་རྫོང་གིས་སློབ་ར་ནང་དུ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱས་པ།