ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་གསར་འགྱུར་དྲ་བའི་གནས་ཚུལ་ལྟར་ན། ཟླ6པའི་ཚེས20ཉིན། ཉེ་ཆར་བསྟུད་མར་དྲག་ཆར་བབས་པས། 2020ལོའི་རྒྱལ་མོ་རྔུལ་ཆུའི་ཆུ་ལོག་ཨང་རྟགས་དང་པོར་ཆགས་པ་དང་སྟོད་རྒྱུད་ཀྱི་གཞུང་ཆུ་དང་ཆུ་ལག་ཁག་གཅིག་གི་ཆུ་རྒྱས་པའི་གནས་ཚུལ་ཉེན་ཟོན་འགན་ལེན་ལས་བརྒལ་ཡོད་པ་རེད། གནམ་གཤིས་སྔོན་བརྡ་ལྟར་ན། ཉེ་ཆར་སི་ཁྲོན་ནུབ་རྒྱུད་ས་མཐོར་སྔར་བཞིན་ཆར་པ་ཆེན་པོ་འབབ་ཀྱིན་ཡོད་པས་འབྲུབ་འགོག་གནས་ཚུལ་ཛ་དྲག་གི་གནས་སུ་ལྷུང་ཡོད་པ་རེད། ཟླ6པའི་ཚེས21ཉིན་གསར་འགོད་པས་ཞིང་ཆེན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔའི་ཆར་ཆུ་འབབ་པའི་གནས་ཚུལ་དང་། ཆུ་རྒྱས་པའི་གནས་ཚུལ་ལ་གཞིགས་ནས《སི་ཁྲོན་ཞིང་ཆེན་གྱི་2020ལོའི་འབྲུབ་འགོག་ཐན་འགོག་གི་འཕྲལ་སྡོམ་སྔོན་ཇུས》ཀྱི་གཏན་འབེབས་གཞིར་བཟུང་། ཞིང་ཆེན་ཐན་ཞོད་སྔོན་འགོག་བཀོད་འདོམས་པུའུ་ཡིས་ཞིབ་འཇུག་ཐག་གཅོད་བྱས་ཏེ། ཟླ6པའི་ཚེས21ཉིན་གྱི་ཆུ་ཚོད14ཡི་ཐོགIVརིམ་པའི་འབྲུབ་འགོག་འཕྲལ་སྡོམ་དང་ལེན་བྱེད་མགོ་བརྩམས་པ་དང་ཞིང་ཆེན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་ཁོངས་མིའི་ལས་ཁུངས་ཁག་དང་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ཡིས་འགན་འཁྲིའི་ལས་བགོས་གཞིར་བཟུང་། འབྲུབ་འགོག་བདེ་སྲུང་གི་ལས་དོན་ཁག་ནན་གྱིས་བསྒྲུབས་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
སི་ཁྲོན་དུ་ཆེས་ཐོག་མར་ཆུ་བྲུག་རྗེས་ཀྱིIVརིམ་པའི་འབྲུབ་འགོག་འཕྲལ་སྡོམ་ལག་བསྟར་བྱས་པ།