རྔ་བ་ཁུལ་གྱིས་ཐད་གཏོང་ལ་བརྟེན་ནས་སྲེའུ་མངར་མོ་ཕྱིར་འཚོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་སྔོན“དྭགས་གཙང་རྔ་བ”ཞེས་པའི་སྲེའུ་མངར་མོའི་ཐད་གཏོང་ཟོག་འཁྱེར་དུས་ཚིགས་ཀྱི་བྱ་འགུལ་དེ་ཝུན་ཁྲོན་རྫོང་ཆི་ཕན་ཀི་ལུང་བའི་ཟི་ཁྲོན་ཀན་སུའུ་མཚོ་སྔོན་ཟོག་འགྲེམ་གླིང་དུ་སྤེལ་འགོ་ཚུགས་པ་རེད།

ཟླ5བ་སླེབས་ཚུན་པྲོག་གསར་གློ་ཚད་རྐྱེན་གྱིས་རྔ་བ་ཁུལ་གྱི་ཡུལ་སྐོར་བའི་གྲངས་ཀ་དང་ཞིང་ལས་ཐོན་རྫས་ཕྱིར་ཚོང་ཚད་ལོ་སྔོན་མ་ལས་ཇེ་ཉུང་དུ་སོང་བས། རྔ་བ་ཁུལ་གྱི་ས་གནས་ཏང་སྲིད་ལས་བྱེད་པ་དང་། ཞིང་ལས་ལག་རྩལ་མི་སྣ། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། དྲ་གྲགས་དྲ་ཐོག་ཚོང་དོན་སོགས་ཐད་གཏོང་རུ་ཁག་ནང་ཞུགས་ཏེ་ཧུར་ཐག་སྒོས་སྲེའུ་མངར་མོ་དྲ་ཐོག་དང་དྲ་འོག་ནས་ཕྱིར་ཚོང་བྱེད་པར་སྐུལ་འདེད་བཏང་ཞིང་། ཡུལ་སྐོར་སླར་གསོ་ཡོང་བར་ཡང་སྐུལ་འདེད་དང་སྐུལ་ཁྲིད་བྱས།

མིག་སྔའི་བར་རྔ་བ་ཁུལ་གྱིས་དྲ་ཐོག་ནས་སྲེའུ་མངར་མོ་ཕྱིར་ཚོང་བྱེད་ཚད་ཏུན5000དང་སྒོར་དུང་ཕྱུར3ཟིན་ཡོད་ལ། ཟླ5བའི་ཚེས16ནས་ཚེས28བར། ཁུལ་ནང་བགྲོད་པའི་གཞུང་ལམ་གཙོ་བོའི་རླངས་འཁོར་རྒྱུག་ཚད་མི་ཐེངས་ཁྲི7ཟིན་པའི་ནང་ཝུན་ཁྲོན་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི30ཙམ་ལ་སྣེ་ལེན་བྱས་པ་དང་། སྲེའུ་མངར་མོ་རྒྱ་མ་ཁྲི300ཙམ་ཕྱིར་ཚོང་བྱས་པས་སྒོར་ཁྲི6000ཙམ་ཟིན་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།