​མཛོད་དགེ་རྫོང་གིས་འདམ་རའི་སྐྱེ་ཁམས་སླར་གསོ་ཐད་ཤུགས་སྣོན་བརྒྱབ་པ།

2.jpg

འདམ་ར་དང་མཚེའུ།

3.jpg

ལས་དོན་མི་སྣས་རྩྭ་འདེབས་པ་དང་ལུད་འཇོག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཟླ6པའི་ཚེས8ཉིན། མཛོད་དགེ་རྫོང་མའེ་ཤིས་ཤང་སྟེ་སི་ཁྲོན་ཞིང་ཆེན་མཛོད་དགེ་རྒྱལ་སྤྱིའི་འདམ་ར་གལ་ཆེན་སྲུང་སྐྱོང་དང་སླར་གསོའི་དུས་ཐེངས་གཉིས་པའི་ལས་གཞིའི་རྣམ་གྲངས་ཨར་ལས་བྱ་ཡུལ་དུ་ལས་དོན་མི་སྣས་ཆུ་འབུད་རྐ་བརྐོ་བ་དང་། ཆུ་རགས་རྒྱག་པ། དེ་མིན་རྩྭ་འདེབས་ལུད་འཇོག་བཅས་ཀྱི་སྐྱེས་དངོས་བྱ་ཐབས་སྤྱད་དེ་འདམ་ར་སླར་གསོ་བྱེད་པ་རེད།

ཁྱོན་མ་དངུལ་སྒོར་ཁྲི8880བཏང་བའི་འདམ་ར་སྲུང་སྐྱོང་དང་སླར་གསོའི་རྣམ་གྲངས་ཟླ6པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་དང་། དེས་ཆུ་འབུད་རྐ་སྤྱི་ལེ35.16བཀག་ནས་འདམ་ར་སྤྱི་ཆིང6400སླར་གསོ་དང་སྲུང་སྐྱོང་བྱ་རྒྱུ་རེད། རྣམ་གྲངས་ལག་བསྟར་བྱས་རྗེས། འདམ་ར་སླར་གསོའི་ཁུལ་གྱི་ཡུར་བུ་དང་། གཙང་ཆུའི་མཐའ་འཁོར་གྱི་ས་འོག་གི་ཆུ་གནས་དེ་བཅོས་སྐྱོང་མ་བྱས་སྔོན་ལས་ཆ་སྙོམས་ལི་སྨི15ཡན་མཐོ་རུ་ཕྱིན་པ་དང་། འདམ་ར་ཞན་འགྱུར་ཚབས་ཆེ་བའི་ས་ཁོངས་ཀྱི་སྔོ་ཁེབས་ཚད་བཅོས་སྐྱོང་མ་བྱས་སྔོན་ལས་ཆ་སྙོམས་བརྒྱ་ཆའི་གྲངས20ཡན་མཐོ་རུ་ཕྱིན།

 ན་ནིང་ལོ་མཇུག་ཏུ་ལེགས་གྲུབ་ཟིན་པའི་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གཞིར་གྲུབ་འབྲས་ཅུང་ཙམ་ཐོབ་པ་དང་། རྩྭ་སོན་ལ་མྱུ་གུ་འབུས་ཤིང་ཆུ་བཀག་རྗེས་ཀྱི་ཆུ་འབུད་རྐ་ཡི་ཆུ་གནས་ཀྱང་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།