སི་ཁྲོན་གྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར1714.22བཏང་བའི་ཞབས་ཞུའི་ལས་རིགས་ཀྱི་རྣམ་གྲངས106གཅིག་སྡུད་ཐོག་ལས་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས8ཉིན་སི་ཁྲོན་ཞིང་ཆེན་གྱི་ཞབས་ཞུའི་ལས་རིགས“4+6”ཐོན་ལས་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་ཚུགས་པ་དང་ཚོང་འགུགས་ཅུས་ཚོགས་པ་ནུབ་རྒྱུད་སྤྱི་ཁྱབ་པུའུ་དང་གྲོང་ཁྱེར་ཕྱོགས་བསྡུས་གསར་སྤེལ་གཉེར་སྐྱོང་རྣམ་གྲངས་ལས་འགོ་ཚུགས་པའི་བྱེད་སྒོ་གཉེར་བ་རེད། གཅིག་སྡུད་ལས་འགོ་ཚུགས་པའི་ཞབས་ཞུའི་ལས་རིགས་ཀྱི་རྣམ་གྲངས་106ཡོད་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་1714.22བཏང་བ་དེ་སི་ཁྲོན་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར(ཀྲོའུ)20ལ་ཁྱབ་ཡོད།

སི་ཁྲོན་ཞིང་ཆེན་དཔལ་འབྱོར་མཉམ་ལས་ཅུས་རྣམ་གྲངས་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཚའེ་ཡུས་ཅེ་ཡིས། ད་ཐེངས་ལས་འགོ་ཚུགས་པའི་རྣམ་གྲངས་106ལ་ཆ་སྙོམས་རྣམ་གྲངས་རེར་མ་དངུལ་སྒོར་དུང་ཕྱུར་16.17བཏང་བ་དང་། དེའི་ནང་སྒོར་དུང་ཕྱུར་50ཡན་བཏང་བའི་རྣམ་གྲངས་8དང་སྒོར་དུང་ཕྱུར་100ཡན་བཏང་བའི་རྣམ་གྲངས་2ཡོད། རིག་གནས་ལུས་རྩལ་ཡུལ་སྐོར་དང་། ཚོང་ལས་ཚོང་དོན། དེང་རབས་ཟོག་འགྲེམས། དངུལ་རྩའི་ཞབས་ཞུ་བཅས་ཀ་རྟེན་ལྟ་བུའི་ཞབས་ཞུའི་ལས་རིགས་ནི་ཐོག་མཐའ་བར་གསུམ་དུ་སི་ཁྲོན་གྱི་ཚོང་འགུགས་གཙོ་གནད་ཅིག་རེད། འོན་ཀྱང་ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་ཚན་རྩལ་ཆ་འཕྲིན་དང་སྨན་བཅོས་ལུས་གསོ་བ་སོགས་འཚར་ལོངས་རྣམ་པའི་ཞབས་ཞུའི་ལས་རིགས་ལ་རྣམ་གྲངས་ཚོང་འགུགས་མ་འདྲེན་དང་དོན་འཁྱོལ་བཀོད་ཇུས་ཀྱི་རེས་སྐོར་གསར་པའི་མཐོ་རླབས་འཕྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེར་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར(ཀྲོའུ)20ཡི་ཞུབས་ཞུའི་ལས་རིགས་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་ཚུགས་པ་དང་གྲོང་ཁྱེར་10ཡི་ལས་འགོ་ཚུགས་པའི་རྣམ་གྲངས་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་50ལྷག་ཙམ་ཟིན་ཡོད། དེའི་ནང་ཁྲེང་ཏུའུ་གྲོང་ཁྱེར་གྱི་ལས་འགོ་ཚུགས་པའི་རྣམ་གྲངས་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་500ལྷག་ཙམ་ཟིན་པ་དེས་བསྡུར་གྲངས་བཟུང་ཚད་30%ལས་བརྒལ་ཡོད། ཁྲེང་ཏུའུ་སྐོར་བའི་དཔལ་འབྱོར་འཁོར་རྒྱ་ཡིན་པའི་ཏེ་དབྱང་གྲོང་ཁྱེར་དང་མེ་ཧྲན་གྲོང་ཁྱེར། སི་ཁྲོན་ལྷོ་ཕྱོགས་དཔལ་འབྱོར་ཁུལ་གྱི་ལུའུ་ཀྲོའུ་གྲོང་ཁྱེར། སི་ཁྲོན་བྱང་ཤར་དཔལ་འབྱོར་ཁུལ་གྱི་ནན་ཁྲུང་གྲོང་ཁྱེར། ཧྥན་ཀྲི་ཧྭ་ནུབ་རྒྱུད་དཔལ་འབྱོར་ཁུལ་གྱི་ཧྥན་ཀྲི་ཧྭ་གྲོང་ཁྱེར་བཅས་ཀྱི་ལས་འགོ་ཚུགས་པའི་རྣམ་གྲངས་ལ་མ་དངུལ་གཏོང་ཚད་ཆ་སྙོམས་སྒོར་དུང་ཕྱུར་100ལྷག་ཙམ་ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།