རྔ་བ་གཟི་ཚ་སྡེ་དགུ་རྫོང་གིས་རིག་གནས་ཡུལ་སྐོར་གྱི་ཐོན་ལས་ལ་བརྟེན་ནས་དབུལ་ཐར་ལམ་དུ་བསྐྱོད་པ།

༣༣༣༣.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་ཚ་སྡེ་དགུ་རྫོང་གིས་ཧྲུའུ་ཅི་ཕེང་ཆིན་ཧྭ་ཡི“རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བའི”མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “མི་རིགས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར། དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་དཔེ་མཚོན་བཅས་གཏོད་པའི”འབད་འཐབ་ཀྱི་དམིགས་ཚད་ལ་གཞིགས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཏང་ནས་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བའི་ཐད་ཤུགས་རྒྱག་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་མཉམ་འཕེལ་དང་། དགེ་མཚན་ལྡན་པའི་མཉམ་འགུལ། གཉིས་ཕན་འཕེལ་རྒྱས་ཡོང་བ་བཅས་བྱས་ཏེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱས་པ་རེད།

༡༡༡༡.jpg

ས་གནས་དེ་གའི་ཁྱད་ཆོས་ལ་བརྟེན་ནས་རིག་གནས་ཐོན་ལས་ཁྱུ་ཚོགས་བཏོད་པ།

གཟི་ཚ་སྡེ་དགུ་རྫོང་གིས《གཟི་ཚ་སྡེ་དགུ་རྫོང་གི“རིག་གནས་སྟོབས་ཆེའི་རྫོང”གི་འཐབ་ཇུས་འཕེལ་རྒྱས་ཀྱི་ལོ་བཅུའི་འཆར་འགོད(2015ལོ་ནས2024ལོ་བར)》བཏོན་ནས་ས་གནས་དེའི་རིག་གནས་གསར་གཏོད་རང་བཞིན་ཕྱོགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་རིག་གནས་དབུལ་སྐྱོར་ལ་རྨང་གཞི་བརྟན་པོ་བཏིང་བ་དང་། འཁྲབ་སྟོན་སྒྱུ་རྩལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་བོད་རིགས་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་འཁྲབ་སྟོན་སྒྱུ་རྩལ་གྱི་ཚོགས་པར་འགྱུར་བ་དང་འཁྲབ་སྟོན་སྒྱུ་རྩལ་ཐོན་ལས་དེ་གཞི་ཁྱོན་ཅན་དང་སྤུས་རྟགས་ཅན་དུ་ཕྱོགས་སྒྱུར་བྱས་པས་གཉེར་སྐྱོང་རང་བཞིན་གྱི་འཁྲབ་སྟོན་ཚོགས་པ10ཡིས་དུས་གཅིག་ཏུ་ཡུལ་སྐོར་བ་ཁྲི1ལྷག་ཙམ་ལ་སྣེ་ལེན་ཞུ་ཐུབ་པ་དང་ཆབས་ཅིག་ཏུ་ལོ་རེར་མང་ཚོགས1100ལྷག་ཙམ་ལས་ཞུགས་ཐུབ་ཀྱི་ཡོད།

༧༧༧༧༧.jpg

ས་ཁོངས་ཀྱི་ལེགས་ཆར་བརྟེན་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་དཔེ་མཚོན་བཏོད་པ།

གཟི་ཚ་སྡེ་དགུའི་ལྟེ་བའི་མཛེས་ལྗོངས་ཁུལ་ལ་བརྟེན་ནས་ས་ཚིགས་ཀྱིས་ཁྱོན་ཡོངས་ལ་སྣེ་ཁྲིད་དེ་ས་ཁོངས་ཧྲིལ་པོར་སྐུལ་འདེད་བཏང་བ་བརྒྱུད་དེ་ནེམ་ཨེན་བཟང་མཚོ་དང་། རྫ་བ་མཚོ། ཀན་ཧེ་ཙི་བཅསAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ3དང་ཞིང་ཆེན་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་བསྐྲུན་པ་དང་། ནོར་རིའི་སྤྱི་གླིང་དང་གཟི་ཚ་སྡེ་དགུ་ཆུང་བ་སོགས་ས་ཁོངས་ཧྲིལ་པོའི་མཛེས་ལྗོངས་ཁུལ་གྱི་མཛེས་ལྗོངས་མགྱོགས་མྱུར་བཏོད་དེ་ནེམ་ཨེན་བཟང་མཚོAAAAརིམ་པའི་མཛེས་ལྗོངས་ཁུལ་དང“སི་ཁྲོན་གྱི་ཡུལ་སྐོར་གྲགས་ཅན་རྫོང”སོགས་གཏོད་པའི་ལས་དོན་ཧུར་ཐག་སྤེལ་བ་རེད།

ཉེ་བའི་ལོ་ཤས་རིང་། རྫོང་ཡོངས་ཀྱིས་ཡུལ་སྐོར་ལ་བརྟེན་ནས་མང་ཚོགས་དབུལ་པོ4000ལྷག་ཙམ་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་དང་། 2020ལོར་སྔོན་དཔག་བྱས་ན་མི5500ལྷག་ཙམ་ཟིན་རྒྱུ་ཡིན་པ་དེས་རྫོང་ཡོངས་ཀྱི་མི་འབོར་དབུལ་པོའི97%བཟུང་ཡོད་པ་རེད།

༥༥༥༥༥.jpg

གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ།

འགྲིམ་འགྲུལ་དང་། གྲོང་ཁྱེར་དང་གྲོང་རྡལ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རིགས་ཁག་གི་ཡུལ་སྐོར་དབུལ་སྐྱོར་གྱི་ཆེད་དོན་མ་དངུལ་སྒོར་ཁྲི2102.48བསྡུ་སྒྲིལ་བྱས་ཏེ། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ7དང་ཡུལ་སྐོར་དབུལ་སྐྱོར་གཙོ་གནད་གྲོང་ཚོ12ལ་རླངས་འཁོར་འཇོག་ས་དང་། ཡུལ་སྐོར་གསང་སྤྱོད། ཞིང་ཞོར་ཐོན་རྫས་ཕྱིར་ཚོང་ས་ཚིགས། ཡུལ་སྐོར་སྣེ་ལེན་ལྟེ་གནས་སོགས་ཡུལ་སྐོར་གྱི་རྨང་གཞིའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཞན་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད་པ་རེད། 

2019ལོར། གྲོང་གསེབ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་བསྡོམས་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི109.51ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར9.43མངོན་འགྱུར་བྱུང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད། 

timgO6B5RYQR.jpg

ཏང་འཛུགས་སྐྱོང་གི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ནས་གྲོང་ཚོ་དང་ཁེ་ལས་མཉམ་འབྲེལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། 

ཁེ་ལས་ཀྱི་ཏང་འཛུགས་སྐྱོང་གི་གཡུལ་སའི་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་དང་། ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས། རྫོང་གི་ཡུལ་སྐོར་ལས་རིགས་ཀྱི་ཏང་གི་ལས་དོན་ཨུ་ལྷན་འཛུགས་རྒྱུ་སྒྲིག་འཛུགས་བྱས་ནས་ཡུལ་སྐོར་ལས་རིགས་ཀྱི“ཁེ་ལས་བརྒྱ་དང་གྲོང་ཚོ་བརྒྱ་མཉམ་འབྲེལ་དང་། ཁེ་ལས་བརྒྱ་ཡིས་ཕུགས་འདུན་བརྒྱ་སྒྲུབ་པའི”བྱེད་སྒོ་གཏིང་ཟབ་སྤེལ། 

རྫོང་ཡོངས་ཀྱི་“ལོ་གསུམ་གྱི་གཅིག་སྡུད་འགག་སྒྲོལ་དང་ལོ་གཉིས་སྲ་བརྟན་མཐོར་འདེགས”ཀྱི་བླང་བྱ་ལྟར། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱིས་མ་དངུལ་དང་། ཐོན་ལས། ལག་རྩལ། ལས་ཞུགས། ཆ་འཕྲིན། རིག་སྟོབས་སོགས་ཀྱི་ཐད་རོགས་སྐྱོར་བྱས་པ་བརྒྱུད་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་ཁྲོམ་རའི་ལས་སྟེགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་དཀའ་བ་དང་ངལ་ལས་ཕྱིར་གཏོང་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།