རབ་ཏུ་བཞད་པའི་མཐོ་སྒང་གི་སྟག་མའི་མེ་ཏོག་གིས་ཡུལ་སྐོར་བ་བསུས་པ།

1.jpg

སྟག་མའི་མེ་ཏོག་འགྲམ་དུ་པར་རྒྱག་བཞིན་པའི་མག་གསར་དང་བག་གསར།

2.jpg

འཆམ་འཆམ་བྱེད་བཞིན་པའི་མག་གསར་དང་བག་གསར།

3.jpg

སྟག་མའི་མེ་ཏོག་ནང་དུ་པར་རྒྱག་བཞིན་པའི་མག་གསར་དང་བག་གསར།

4.jpg

མཐོ་སྒང་གི་སྟག་མའི་མེ་ཏོག

5.jpg

མཐོ་སྒང་གི་སྟག་མའི་མེ་ཏོག

6.jpg

མཐོ་སྒང་གི་སྟག་མའི་མེ་ཏོག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གནམ་གཤིས་ཇེ་དྲོ་རུ་ཕྱིན་པ་དང་བསྟུན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་ཀོ་ཁ་ཤང་ཏུང་ཕོ་ཅ་གྲོང་ཚོའི་མཐོ་སྒང་གི་སྟག་མའི་མེ་ཏོག་རབ་ཏུ་བཞད་པ་དེས་གྲོང་ཚོའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཏུ་གྱུར་བས་ཡུལ་སྐོར་བ་མང་པོའི་ཡིད་དབང་མེད་དུ་བཀུགས།

 གྲོང་ཚོ་ནང་དུ་འཆམ་འཆམ་ལ་སོང་ན། བོད་ཀྱི་གྲོང་སྡེ་དང་། གནའ་བོའི་དགོན་པ། མེ་ཏོག་གི་རྒྱ་མཚོ་བཅས་ཕན་ཚུན་འདྲེས་ཡོད་པ་མཐོང་ཐུབ་པ་མ་ཟད་ས་གནས་ཀྱི་མང་ཚོགས་དང་ཡུལ་སྐོར་བ་མང་པོ་ཕར་འགྲོ་ཚུར་འོང་ངང་མཛེས་ལྗོངས་རོལ་མྱོང་བྱེད་བཞིན་པ་ཡང་མཐོང་ཐུབ།

  རྟའུ་རྫོང་ཞིང་འབྲོག་གྲོང་གསེབ་ཚན་རྩལ་ཅུའི་ཡི་མཐོ་རིམ་ཞིང་ལས་ལག་རྩལ་པ་ཧོ་ཡན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཏུང་ཕོ་ཅ་གྲོང་ཚོའི་རི་མགོའི་སྟག་མའི་མེ་ཏོག་ནི་མཐོ་སྒང་གི་མེ་ཏོག་རིགས་སུ་གཏོགས་ཤིང་། གྲོང་ཚོ་དེའི་རི་འགོར་བྲག་རྡོ་དང་སྔོ་དྲེག་ཁུལ་མང་བས། བསིལ་ཞིང་བརླན་གཤེར་ཆེ་བའི་ཁོར་ཡུག་གིས་སྟག་མའི་མེ་ཏོག་སྐྱེས་བར་ཕན་ཐོགས་པ་དང་། གནས་ཡུལ་དང་འགྱུར་ལྡོག་ཆེ་བའི་གནམ་གཤིས་རྐྱེན་གྱིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3000ཡན་གྱི་སྟག་མའི་མེ་ཏོག་བཞད་པའི་དུས་ཅུང་འཕྱི་ལ། མཐོ་ཚད་ཀྱང་རྒྱུན་ལྡན་གྱི་སྟག་མའི་མེ་ཏོག་ལས་མཐོ་བ་ཡིན་ཞེས་བཤད། 

 གྲོང་ཚོའི་ཧྲུའུ་ཅི་དང་པོ་ཡོན་ཏིང་གིས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས། ད་ལོར་གྲོང་ཚོ་ནང་དུ་ཡུལ་སྐོར་དུས་ཆེན་གྱི་བྱ་འགུལ་སྤེལ་མེད་ཀྱང་དུས་འགོའི་དྲིལ་བསྒྲགས་ཀྱི་ཕན་འབྲས་རིམ་བཞིན་མངོན་ནས་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་ཕྱིན་པ་དང་། མགྲོན་ཁང་དུ་སྡོད་པ་དང་ཟ་མ་ཟ་བའི་ཡུལ་སྐོར་བའང་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་དེ། སྔོན་དཔག་བྱས་ན་ད་ལོར་གྲོང་ཚོའི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས12000ཟིན་ནས་མང་ཚོགས་མི་རེར་ཆ་སྙོམས་ཡོང་འབབ་སྒོར1500ལྷག་ཙམ་ལ་སླེབས་རྒྱུ་རེད་ཅེས་བསྟན། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།