རྔ་བ་་ཁུལ་གྱི་རྫོང(གྲོང་ཁྱེར)6གིས་ཤིན་ཏུ་དབུལ་བའི་རྫོང་གི་མཁོ་བསྟུན་རླུང་འཕྲིན་མ་ལག་གི་རྣམ་གྲངས་ལག་བསྟར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས19ཉིན། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་རྒྱུས་ལོན་བྱུང་བ་ལྟར་ན།ད་ལོ་རྔ་བ་ཁུལ་གྱིས་མ་དངུལ་སྒོར་ཁྲི1886བཏང་ནས་འབར་ཁམས་དང་། ཆུ་ཆེན། བཙན་ལྷ། མཛོད་དགེ གཟི་རྩ་སྡེ་དགུ ཁྲོ་ཆུ་བཅས་རྫོང(གྲོང་ཁྱེར)6ལ་ཤིན་ཏུ་དབུལ་བའི་རྫོང་གི་མཁོ་བསྟུན་རླུང་འཕྲིན་མ་ལག་རྣམ་གྲངས་ལག་ལེན་བྱེད་རྩིས་ཡོད།མིག་སྔར། རྣམ་གྲངས་རིགས་པས་ཁུངས་སྐྱེལ་སྙན་ཞུའི་ཞིབ་དཔྱད་དང་རྣམ་གྲངས་ཇུས་འགོད་ཀྱི་འགྲན་རྩོད་རང་བཞིན་གྱི་གྲོས་མོལ་འོས་སྐུལ་གྲུབ་ཟིན་པ་དང་སྔོན་དཔག་བྱས་ན་ཟླ་9བའི་ཟླ་མཇུག་སྔོན་འཛུགས་སྐྲུན་རགས་ཙམ་ལེགས་པར་འགྲུབ་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཤིན་ཏུ་དབུལ་བའི་རྫོང་གི་མཁོ་བསྟུན་རླུང་འཕྲིན་མ་ལག་འཛུགས་སྐྲུན་རྣམ་གྲངས་ནི་སྤྱི་བའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་།དབུལ་བྲལ་གནད་སྒྲོལ་ལ་རྒྱབ་སྐྱོར་བྱེད་པ། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། དེང་རབས་ཀྱི་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བའི་དམངས་འཚོའི་རྣམ་གྲངས་ཤིག་རེད།རྣམ་གྲངས་བསྐྲུན་རྗེས་ཁུལ་ཡོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་ཆེས་ཆེར་འགྲོ་ངེས་ལ།ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཡུལ་ཚོའམ་གྲོང་རྡལ། གྲོང་ཚོ་བཅས་རིམ་པ་ལྔའི་མཁོ་བསྟུན་རླུང་འཕྲིན་མ་ལག་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།