སི་ཁྲོན་རྔ་བ་ཁུལ་གྱིས་དབུལ་ཐར་ཐད་གྲུབ་འབྲས་མངོན་གསལ་བླངས་བ།

1.png

འདི་ནི་རྔ་བ་ཁུལ་གྱི་མཛེས་སྡུག་ལྡན་པའི་བོད་ལུགས་སྡོད་ཁང་རེད། 

2.png

འདི་ནི་རྔ་བ་ཁུལ་གྱི་དབུལ་ཐར་གྲུབ་འབྲས་ཀྱི་དཔེ་རིས་རེད།

3.png

འདི་ནི་རྔ་བའི་མི་རིགས་ཁག་གི་གྲོགས་པོ་ཆུང་ཆུང་ཚོས་རྒྱལ་དར་གཡུག་གཡུག་བྱས་ནས་མེས་རྒྱལ་ལ་བཀའ་དྲིན་ཞུ་བའི་ཚུལ་རེད།

4.png

འདི་ནི་མཛེས་སྡུག་ལྡན་པའི་རྔ་བའི་རྩྭ་ཐང་གི་བརླན་ས་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5པའི་ཚེས21ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འཛམ་ཐང་རྫོང་དཀར་སྟོད་ཤང་གཞིས་ནང་གྲོང་ཚོའི་ས་བབ་མཐོ་ཚད་སྨི3720ཟིན་པ་དང་། ས་མཐོའི་ཉི་འོད་མཛེས་སྡུག་ལྡན་པའི་བོད་ལུགས་སྡོད་ཁང་རེ་རེའི་སྟེང་འཕྲོས་པས་ཀུན་ལ་མཛེས་སྡུག་ཡིད་འོང་གི་སྣང་བ་སྦྱིན་འདུག ལོ35ལ་སླེབས་པའི་བོད་རིགས་དབུལ་ཐར་དུད་ཚང་ཚེ་རིང་ལྷ་མོ་ཐབ་ཚང་ནང་ལས་ལ་བྲེལ་བཞིན་ཡོད།

ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་ལས་ཕན་པ་ཐོབ་པས་ཚེ་རིང་ལྷ་མོའི་ཁྱིམ་མི་ཚང་མ་ཐག་རིང་འབྲོག་ཁུལ་ནས་ད་ལྟའི་གཞིས་ཆགས་བྱ་ཡུལ་དུ་སྤོས་པ་རེད། “རྒྱལ་ཁབ་ཀྱི་ཁ་གསབ་ལ་བརྟེན་ནས་སྡོད་ཁང་གསར་པར་འདུག་ཐུབ་ཡོད ”ཅེས་ཚེ་རིང་ལྷ་མོས་དགའ་སྤྲོ་ཆེན་པོས་གསར་འགོད་པར་བཤད། ས་གནས་ཏང་ཨུའི་སྲིད་གཞུང་དང་དབུལ་སྐྱོར་ལས་བྱེད་པའི་རོགས་རམ་འོག་ཁོ་མོ་ད་དུང་གྲོང་ཚོའི་ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་པར་གྱུར་ཡོད། 

རྔ་བ་ཁུལ་ལ་མཚོན་ན2020ལོར་ཐུན་མོང་མ་ཡིན་པའི་དོན་སྙིང་ལྡན། ད་ལོའི་ཟླ2པར་ཞིང་ཆེན་སྲིད་གཞུང་གིས་རྔ་བ་ཁུལ་འཛམ་ཐང་དང་། ཁྲོ་ཆུ། རྔ་བ་བཅས་རྫོང3ཚུད་པའི་རྫོང(གྲོང་ཁྱེར)31རྫོང་དབུལ་པོ་ནས་ཕྱིར་འཐེན་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད། སྐབས་དེར་རྔ་བ་ཁུལ་གྱི་རྫོང་དབུལ་པོ13ཚང་མ་དབུལ་ཞྭ་ཕུད་པ་དང་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་མི་འབོར་དབུལ་པོ་ཁྲི10.34དབུལ་ཐར་བྱུང་ཡོད་ལ་དབུལ་ཕོངས་གྲོང་ཚོ606དབུལ་ཕོངས་ལས་ཕྱིར་འཐེན་བྱས་པ་རེད། 

དབུལ་ཐར་བྱས་པ་ལས་ད་དུང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཡོད་པས་ལོ་ཤས་ནང་རྔ་བ་ཁུལ་ལ་སྔར་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོ་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།