དཀར་མཛེས་ཁུལ་གྱིས་དཔེ་དེབ་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས15ཉིན་གྱི་སྔ་དྲོར། དཀར་མཛེས་ཁུལ་གྱི་“དབུལ་ཐར་འབྱོར་འབྲིང་དུ་བསྐྱོད་པར་རིག་རྩལ་གྲོགས་སུ་བསྟེན་དགོས”ཞེས་པའི་དཔེ་དེབ་ཞལ་འདེབས་འབུལ་བའི་བྱེད་སྒོ་དར་རྩེ་མདོ་རུ་སྤེལ་བ་རེད། དཀར་མཛེས་ཁུལ་ཏང་ཨུ་དང་། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཁུལ་དབུལ་སྐྱོར་གསར་སྤེལ་ཅུའུ། ཁུལ་སློབ་གསོ་ལུས་རྩལ་ཅུའུ། ཁུལ་ཤིན་ཧྭ་དཔེ་ཚོང་ཁང་། ཁུལ་དཔེ་མཛོད་ཁང་གི་འགན་འཁུར་བ། “མཚར་སྡུག་གི་དཀར་མཛེས་”དངོས་བྲིས་རྩོམ་རིག་དཔེ་ཚོགས་ཀྱི་རྩོམ་པ་པོ་དང་དེ་བཞིན་ཞལ་འདེབས་ལེན་མཁན་གྱི་འཐུས་མི་ཁག་གཅིག་ཐེངས་འདིའི་ཞལ་འདེབས་བྱེད་སྒོར་ཞུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། 2017ལོ་ནས་བཟུང་སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྩོམ་རིག་དབུལ་སྐྱོར“ཁྲི་སྟོང་བརྒྱ་བཅུ”ལས་གཞི་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཁུལ་ཏང་ཨུའི“དབུལ་ཐར་འགག་སྒྲོལ”གྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་ནས། ཁུལ་ཏང་ཨུ་དྲིལ་བསྒྲགས་པུའུ་དང་། ཁུལ་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། དཀར་མཛེས་ཉིན་རེའི་ཚགས་པར་ཁང་བཅས་ཀྱིས“དབུལ་ཐར་འབྱོར་འབྲིང་དུ་བསྐྱོད་པའི་”བྱེད་སྒོ་མཉམ་དུ་ཇུས་འགོད་བྱས་ནས་སྤེལ་བ་རེད། ཁུལ་ནང་ཁུལ་གྱི་རྩོམ་པ་པོ་གྲགས་ཅན་རྩ་འཛུགས་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གཡུལ་ས་དང་པོར་བསྐྱོད་དེ་བརྟག་ཞིབ་དང་འཚོལ་བསྡུ་བྱས་པ་དང་། སྙན་ཞུའི་རྩོམ་རིག་ཕྱོགས་བསྒྲིགས་དང“མཚར་སྡུག་གི་དཀར་མཛེས”ཀྱི་དངོས་བྲིས་དཔེ་ཚོགས་དང་། གློག་བརྙན་ཐུང་གྲས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་པར་ལེན་འགྲེམས་སྟོན། གླུ་གཞས་གསར་རྩོམ། དཔེ་དེབ་ཞལ་འདེབས་འབུལ་རྒྱུ་རྩ་འཛུགས་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། །

ད་ཐེངས་ཀྱི་བྱེད་སྒོར“མཚར་སྡུག་གི་དཀར་མཛེས”ཀྱི་དངོས་བྲིས་རྩོམ་རིག་དཔེ་ཚོགས་དང་། རང་ཡུལ་གྱི་རྩོམ་པ་པོའི་བརྩམས་ཆོས། གངས་དཀར་རི་བོའི་དུས་དེབ་སོགས་ཕུལ་བྱུང་དཔེ་དེབ4000ལྷག་ཙམ་ཞལ་འདེབས་ཕུལ་བས། ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)དཔེ་མཛོད་ཁང18དང་། སི་ཁྲོན་མི་རིགས་སློབ་གླིང་། འབྲིང་རིམ་སློབ་གྲྭ སློབ་འབྲིང30ལྷག་ཙམ་དང་དེ་བཞིན་གྲོང་ཚོ་དབུལ་པོ་ཁག་གཅིག་གི་ཞིང་པའི་དཔེ་དེབ་ཁང་བཅས་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།