ཧུང་ཡོན་རྫོང་གི་རུལ་སུངས་འགོག་རྒོལ་མཐུན་སྦྱོར་འགོ་ཁྲིད་ཚན་ཆུང་གིས2020ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས11ཉིན། ཧུང་ཡོན་རྫོང་གི་རུལ་སུངས་ལ་རྒོལ་བའི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གིས་2020ལོའི་ཚོགས་འདུ་ཐེངས་དང་པོ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུའི་ཚོགས་ཁང་དུ་འཚོགས་པ་རེད། རྫོང་ཨུའི་རྒྱུན་ཨུ་དང་། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུའི་ཧྲུའུ་ཅི། རྫོང་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན། རྫོང་ཨུའི་རུལ་རྒོལ་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཝུའུ་ཅན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རྫོང་ཨུའི་རྒྱུན་ཨུ་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། རྫོང་ཨུའུ་རུལ་རྒོལ་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཁུང་ཡུང་དང་། རྫོང་སྲིད་ཁྲིམས་ཨུ་ལྷན་དང་། རྫོང་སྤྱི་བདེ་ཅུས། རྫོང་ཞིབ་དཔྱོད་ཁང་། རྫོང་ཁྲིམས་ཁང་། རྫོང་རྩིས་བཤེར་ཅུས་སོགས་རྫོང་ཨུད་རུལ་རྒོལ་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གི་འགན་འཁུར་བ་གཙོ་བོ་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་2019ལོའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་ལས་དོན་ལ་ཕྱིར་དྲན་དང་བསམ་ཚུལ་སྤེལ་རེས་བྱས་པ་དང་། 2020ལོའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། 《ཀྲུང་གུང་ཧུང་ཡོན་རྫོང་ཨུའི་རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་གཞུང་དོན་ཁང་གི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

རྫོང་ཨུས་གཅིག་གྱུར་འགོ་ཁྲིད་འོག་ལས་ཁུངས་སོ་སོས་རང་འགན་གཙང་སྒྲུབ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱས་པས་གོང་བུ་གཅིག་འགྲིལ་བྱེད་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད་ལ། ཧུང་ཡོན་རྫོང་གི་རུལ་རྒོལ་མཐུན་སྦྱོར་འགོ་ཁྲིད་ཚོ་ཆུང་གིས་རུལ་རྒོལ་གཙང་སྤེལ་ཐད་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།