​གཟི་ཚ་སྡེ་དགུའི་རྫ་བ་གྲོང་ཚོས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་མགྱོགས་སུ་བཏང་བ།

1.jpg

ལས་ཀ་བྱེད་བཞིན་པའི་གྲོང་མི། 

2.jpg

གྲོང་གསེབ་གསར་པའི་རྣམ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཚུན་ནས་གཟི་ཚ་སྡེ་དགུ་རྫོང་གིས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་སྒྲུབ་རྣམ་གྲངས་བསྡུ་སྒྲིལ་བྱས་པའི་མ་དངུལ་སྒོར་ཁྲི772སླེབས་པ་དེ་རྫ་བ་གྲོང་ཚོའི་གྲོང་མིའི་སྡོད་ཁང་གི་ཕྱིའི་རྣམ་པ་སྒྱུར་བཀོད་དང་། གྲོང་ཚོའི་གཞུང་ལམ་སྒྱུར་བཀོད། རླངས་འཁོར་འཇོག་ས་འཛུགས་སྐྲུན་དང་དེ་བཞིན་སྦུག་དྲ་ཁག་གཅིག་དང་། གློག་དྲ། མེ་འགོག་སྒྲིག་བཀོད་སོགས་ཞིག་གསོ་རིམ་སྤོར་ཐད་སྤྱད་པ་རེད།

ལམ་ཇེ་ཡག་དང་། གྲོང་ཚོ་ཇེ་མཛེས། དམངས་ཇེ་ཕྱུག་ཏུ་གྱུར་ཡོད། སྔོན་བརྩི་མཐོང་བྱེད་རིན་མེད་པའི་ཞིང་ཁྱིམ་ར་བ་དེ་པད་མ་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་དང་ཞིང་པའི་སྤྲོ་སྐྱིད་གླིང་དུ་གྱུར་ཞིང་། དེ་དང་ཆབས་ཅིག་ཏུ“དོམ་ཁྲ་གླིང”དང“རྫ་བ་མཚོའི་མཛེས་ལྗོངས་ཁུལ”བསྐྲུན་ཟིན་པ་དང་བསྟུན་ནས་གྲོང་ཚོར་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་ནས་ཇེ་མང་དུ་སོང་བས། མིག་སྔར་རྫ་བ་གྲོང་ཚོར་ཞིང་ཁྱིམ་སྤྲོ་གཏོང་ཁང5དང་། ཡུལ་མིའི་མགྲོན་ཁང3ཡོད་ལ། 2019ལོར་གྲོང་ཚོ་ཡོངས་ཀྱིས་ཁྱོན་ཡུལ་སྐོར་བ1000ལྷག་ཙམ་ལ་སྣེ་ལེན་བྱས་ནས་ཡོང་འབབ་སྒོར་ཁྲི10ལྷག་ཙམ་ཟིན་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།