མཛོད་དགེ་རྫོང་གི་ཤང་གྲོང་ས་ཁུལ་སོ་སོར་རང་འགུལ་གནམ་གཤིས་ས་ཚིགས་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ས་ཁུལ་དབུལ་བོའི་གནམ་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ནུས་པ་ཆེ་རུ་གཏོང་ཆེད། ཉིན་ཤས་སྔོན་བསྟུད་མར་མཛོད་དགེ་རྫོང་གནམ་གཤིས་ཅུའུ་ཡིས་ས་ཁུལ་སོ་སོའི་རང་འགུལ་གནམ་གཤིས་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་བཏང་ནས། ཆར་ཆུ་མོད་པོའི་དུས་ཚིགས་མ་སླེབས་སྔོན་ལ་ཤང་དང་གྲོང་རྡལ་དབུལ་པོར་རང་འགུལ་གནམ་གཤིས་ས་ཚིགས8དང་། ཆར་ཆུ་འབབ་ཚད་རྐྱང་པའི་ས་ཚིགས8།  GPSMETཆུ་རླངས་ལྟ་ཞིབ་ཚད་ལེན་ས་ཚིགས1བསྐྲུན་ཏེ། འདུས་ཚད་མཐོ་བའི་ཕྱོགས་བསྡུས་གནམ་གཤིས་ལྟ་ཞིབ་ཚད་ལེན་དྲ་བ་བཙུགས་ནས་ཤང་དང་གྲོང་རྡལ་ཁག་ཚང་མར་རང་འགུལ་གནམ་གཤིས་ས་ཚིགས་ཁྱབ་པར་བྱས་པ་རེད།

མཛོད་དགེ་རྫོང་གི་ཤང་དང་གྲོང་རྡལ་དབུལ་པོ་མང་ཆེ་བའི་རང་བྱུང་ཆ་རྐྱེན་ཞན་པ་དང་། དྲག་ཆར་དང་། གློག་དམར། སེར་བ། རླུང་ཆེན་སོགས་གནམ་གཤིས་ཀྱི་གནོད་འཚེ་ཡང་ཡང་བྱུང་བའི་ཤང་དང་གྲོང་རྡལ་དབུལ་པོའི་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ཞན་ཆ་ཁ་གསབ་དང་གནོད་འཚེ་འགོག་པའི་ནུས་པ་ཆེ་རུ་གཏོང་ཆེད། རྫོང་དེའི་གནམ་གཤིས་ཅུའུ་ཡིས་རང་འགུལ་ངང་མ་དངུལ་སྒོར་ཁྲི37.8དོན་འཁྱོལ་བྱས་ནས་ཚད་ཡོད་ལས་སྒོའི་མི་སྣའི་ཁྲོད་ལས་སྒོའི་རྐང་འཛིན་པ་སྐོ་འཐེན་བྱས་ཏེ་དྲོད་ཚད་དམའ་བ་དང་དབྱང་རླུང་མི་འདང་བ་དང་འགྲོ་ལམ་ཀྱག་ཀྱོག་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ་ཟླ་གཅིག་མ་འགོར་བའི་དུས་ཚོད་ནང་འཛུགས་སྐྲུན་ལས་འགན་ཚང་མ་ལེགས་བསྒྲུབས་བྱས་པ་རེད།

    རྫོང་འདིའི་ས་ཁོངས་ཀྱི་རང་འགུལ་གནམ་གཤིས་ས་ཚིགས་ཁྱོན་ཡོངས་ལ་ཁྱབ་པར་བྱས་པའི་བྱེད་ཐབས་དེས་རྫོང་ཡོངས་ཀྱི་གནམ་གཤིས་ལྟ་དཔྱད་ཚད་འཇལ་ས་ཚུགས་ཧ་ཅང་དཀོན་པའི་ད་ལྟའི་གནས་ཚུལ་ལ་རྩ་བ་ནས་འགྱུར་ལྡོག་བཏང་སྟེ། གནོད་འཚེ་རང་བཞིན་གྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡའི་ཆུ་ཚད་མཐོ་རུ་བཏང་བ་མ་ཟད། ད་དུང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དང་སྐྱེ་ཁམས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་ཞབས་ཞུའི་འགན་ལེན་ནུས་པ་ཡང་ཆེ་རུ་བཏང་ཡོད་ལ། དེ་དང་ཆབས་ཅིག་དབུལ་ཐར་འགག་སྒྲོལ་ལས་དོན་ཁྲོད་གནམ་གཤིས་ཀྱིས་ཕན་གཉེར་གནོད་གཡོལ་དང་གནོད་འཚེ་ཉུང་གཏོང་ཡོང་འབབ་འཕར་སྣོན་གྱི་དམིགས་བསལ་ནུས་པ་ནན་གྱིས་འདོན་སྤེལ་ཐུབ་པ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་ཆེས་མཇུག་མཐའི་རྟིང་རྩོད་ལ་གནམ་གཤིས་ཀྱི་ལྷ་ཞིབ་ཚད་ལེན་གྱི་བློ་གྲོས་དང་སྟོབས་ཤུགས་བསྣན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།