“ལྔ་གཅིག”གུང་གསེང་སྐབས་དཀར་མཛེས་ཁུལ་དུ་ཡུལ་སྐོར་བྱེད་མཁན་ཇེ་མང་དུ་ཕྱིན་པ།

微信图片_20200506114658.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས5ཉིན་གྱི་ཕྱི་དྲོའི་ཆུ་ཚོད16བར་དཀར་མཛེས་ཁུལ་གྱིས་ཁྱོན་ཡུལ་སྐོར་བ་ཁྲི44.33ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི48763ལ་སླེབས་པས་དུས་མཚུངས་ལས་ཆ་སྙོམས་ཀྱིས་བརྒྱ་ཆའི36.83མར་ཆག་ཡོད་མོད། འོན་ཀྱང“དུར་མཆོད་ཉིན་མོ”ཡི་གུང་གསེང་ལས་ཅུང་འཕར་ནས་ཡུལ་སྐོར་ཁྲོམ་ར་སླར་གསོའི་གནས་ཚུལ་ཐོན་ཡོད་པ་རེད།

ཁུལ་ཡོངས་ཀྱི་ལྟ་ཞིབ་ཚད་ལེན་ནང་བཞག་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ37གྱིས་ཡུལ་སྐོར་བ་ཁྲི15.35ལ་སྣེ་ལེན་ཞུས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི632.54ཡོད་པ་རེད། དེའི་ནང་དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི1.81ལ་སྣེ་ལེན་ཞུས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི102.25ཟིན་པ་དང་དུས་མཚུངས་ལས་བརྒྱ་ཆའི46.40དང་བརྒྱ་ཆའི94.71མར་ཆག་པ་རེད།

微信图片_20200506114706.jpg

ཉི་སྟེན་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི1.72ལ་སྣེ་ལེན་ཞུས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི182.34ཡོད་པ་དེ་ན་ནིང་དང་ཧ་ལམ་འདྲ་བ་རེད།

微信图片_20200506114711.jpg

མི་རྒོད་མཚོ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི1.29ལ་སྣེ་ལེན་ཞུས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི98.90ལ་ཡོད་པ་དང་དུས་མཚུངས་ལས་བརྒྱ་ཆའི51དང་བརྒྱ་ཆའི56ཆག་པ་རེད།

微信图片_20200506114716.jpg

ལྕགས་ཟམ་ཁ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི0.88ལ་སྣེ་ལེན་ཞུས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི7.64ཡོད་པ་དང་དུས་མཚུངས་ལས་བརྒྱ་ཆའི་84.12དང་བརྒྱ་ཆའི་76.4ཟིན་ཡོད་པ་རེད།

微信图片_20200506114724.jpg

རོང་བྲག་གྱ་གྱུ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི2.21ལ་སྣེ་ལེན་ཞུས་པ་དང་དུས་མཚུངས་ལས་བརྒྱ་ཆ54.8ཉུང་དུ་ཕྱིན་པ་རེད། གསེག་རི་སྤྱི་གླིང་གིས་ཡུལ་སྐོར་བ་ཁྲི0.66ལ་སྣེ་ལེན་ཞུས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི40.34ཟིན་ལ། མི་ཉག་གནས་མཆོག་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི0.31ལ་སྣེ་ལེན་ཞུས་པ་རེད།

微信图片_20200506114728.jpg

微信图片_20200506114732.jpg

དར་མདོ་གྲོང་ཁྱེར་གྱིས་ཡུལ་སྐོར་བ་ཁྲི5.34ལ་སྣེ་ལེན་ཞུས་པ་དང་དུས་མཚུངས་ལས་བརྒྱ་ཆའི68མར་ཆག་པ་དང་། ལྕགས་ཟམ་རྫོང་གིས་ཡུལ་སྐོར་བ་ཁྲི1.51ལ་སྣེ་ལེན་ཞུས་པ་དང་དུས་མཚུངས་ལས་བརྒྱ་ཆའི81.42མར་ཆག རོང་བྲག་རྫོང་གིས་ཡུལ་སྐོར་བ་ཁྲི8.62ལ་སྣེ་ལེན་ཞུས་པ་དང་དུས་མཚུངས་ལས་བརྒྱ་ཆའི81.42མར་ཆག འདབ་པ་རྫོང་གིས་ཡུལ་སྐོར་བ་ཁྲི3.5ལ་སྣེ་ལེན་ཞུས་པ་དང་དུས་མཚུངས་ལས་བརྒྱ་ཆའི28.43མར་ཆག་པ་རེད། ཁུལ་ཡོངས་ཀྱི་དངོས་མང་བཤམས་སྟོན་ཁང་དང་། རིག་གནས་ཁང་། དཔེ་མཛོད་ཁང་བཅས་ཀྱིས་ཁྱོན་མང་ཚོགས་དང་ཡུལ་སྐོར་བ་མི་ཐེངས4674ལ་སྣེ་ལེན་ཞུས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།