དཀར་མཛེས་རྫོང་གེ་སར་རྒྱལ་པོའི་གྲོང་དུ་སྒེར་འཁོར་ཡུལ་སྐོར་བ་ཁག་དང་པོ་བསུས་པ།

1.jpg

མཛེས་སྡུག་ལྡན་པའི་གེ་སར་རྒྱལ་པོའི་གྲོང་།

2.png

ཡུལ་སྐོར་བའི་ལུས་དྲོད་ལྟ་བཞིན་པ།

3.jpg

སྒེར་གཏོང་རླངས་འཁོར།

4.jpg

གེ་སར་རྒྱལ་པོའི་གྲོང་གི་མཚན་ལྗོངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས1ཉིན་གྱི་དགོང་མོར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གེ་སར་རྒྱལ་པོའི་གྲོང་མཛེས་ལྗོངས་ཁུལ་དུ་སྒེར་འཁོར་བཏང་ནས་ཡོང་བའི་ཡུལ་སྐོར་བ་ཁག་དང་པོ་སླེབས་པ་དེས་མཛེས་ལྗོངས་ཁུལ་དེའི་ལས་སྒོ་རྒྱུན་ལྡན་ངང་འགོ་བརྩམས་པ་མཚོན་ཡོད།

 ཉིན་གཉིས་པར་ཡུལ་སྐོར་བ་ཚོ་གེ་སར་རྒྱལ་པོའི་གྲོང་ནས་མཚོ་སྐོར་བྱེད་དུ་བསྐྱོད་པ་དང་། གནས་དེའི་མཛེས་ལྗོངས་ཀྱིས་ཁོ་ཚོའི་ཡིད་དབང་བཀུག་ནས་ལམ་བར་ནས་རླངས་འཁོར་བསྡད་དེ་པར་མང་པོ་བླངས་པ་རེད།  རྗེས་སུ་འགྲེལ་བཤད་པའི་སྣེ་ཁྲིད་འོག་གེ་སར་རྒྱལ་པོའི་གྲོང་གི་ཐུན་མོང་མ་ཡིན་པའི་བཟོ་སྐྲུན་དང་ཡིད་དབང་འཕྲོག་པའི་གེ་སར་རིག་གནས་ཉམས་སུ་མྱངས།

 ཡུལ་སྐོར་བ་ལ་བློ་བདེ་ཞིང་སྐྱིད་སྣང་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ཆེད། གེ་སར་རྒྱལ་པོའི་གྲོང་གིས་ཉིན་ལྟར་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཡུལ་སྐོར་བའི་ལྟ་ཞིབ་ཚད་ལེན་ཐོ་འགོད་དང་ཁྲིད་སྟོན་གཞོགས་འདེགས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་རེད།

 མཛེས་ལྗོངས་ཁུལ་ཞབས་ཞུ་ལྟེ་གནས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས“རིམས་ནད་དབང་གིས་ང་ཚོས་ཉིན་ལྟར་མི5000མཛེས་ལྗོངས་ཁུལ་དུ་བསྐྱོད་པར་ཚོད་འཛིན་བྱས་ཡོད་ལ། གེ་སར་རྒྱལ་པོའི་གྲོང་མཛེས་ལྗོངས་ཁུལ་དུ་བསྐྱོད་མཁན་སྒེར་གཏོང་ཡུལ་སྐོར་བ་ཚང་མས་སྔོན་ན་ཁ་ཆད་འཇོག་དགོས་པ་མ་ཟད། དུས་མཚམས་དགར་ནས་འགྲོ་བ། ཚང་མས་ཁ་ཐུམ་རྒྱག་པ། ལུས་པོའི་དྲོད་ཚད་ལྟ་ཞིབ་ཚད་ལེན། བདེ་ཐང་ཨང་རྟགས་འདྲི་རྩད་བྱས་རྗེས་ད་གཟོད་མཛེས་ལྗོངས་ཁལ་དུ་སོང་ཆོག“ཅེས་བཤད།

ཡུལ་སྐོར་བ་ཚོས་དཀར་མཛེས་རྫོང་དུ་ཡིད་དབང་འཕྲོག་པའི་གེ་སར་རྒྱལ་པོའི་གྲོང་གི་མཛེས་ཉམས་རོལ་མྱོང་བྱེད་ཐུབ་པ་མ་ཟད། བྱེས་བགྲོད་རྐང་འཁོར་གྱི་འགུག་ཤུགས་ལ་ཡང་རོལ་མྱོང་བྱེད་ཐུབ།  

དགོང་མོའི་མེ་ཕུང་དགོང་ཚོགས་ཀྱིས་ད་དུང་ཡུལ་སྐོར་བ་ཚོར་ཕུན་སུམ་ཚོགས་པའི་གླུ་གར་འཁྲབ་སྟོན་མངོན་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།